ཟླ་བ་༡༨ ཁྲིམས་ཐག་བཅད་པ།

12/08/2009 11:44

འབར་མའི་ལྕམ་སུ་ཀི་ལ་ཟླ་བ་༡༨དོ་དམ་ཁྲིམས་ཐག་བཅད་པ།

དེ་རིང་རེས་གཟའ་མིག་དམར་ཉིན་འབར་མའི་དྲག་པོའི་གཞུང་གི་ཁྲིམས་ཁང་ཞིག་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་

སུ་ཀི་ལ་མུ་མཐུད་ཟླ་བ་བཅོ་བརྒྱད་རིང་དོ་དམ་འོག་བཀག་ཉར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང་དྲག་པོའི་གཞུང་གི་བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་

ཚོཌ་ཀྱིས་སྐྱོན་བརྗོད་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད་མ་འོངས་ལོ་གསར་པའི་འབར་མའི་འོས་བསྡུའི་ལས་དོན་རན་གྲབས་ཡོད་པའི་སྐབས་

དེར་ལྕམ་ཨང་སན་སུ་ཀི་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ལངས་སུ་འཇུག་རྒྱུ་མིན་པའི་བྱ་ཐབས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  

དེ་ཡང་འབར་མའི་ཁྲིམས་ཁང་ནས་ལྕམ་ཨང་སན་སུ་ཀི་གཟིམ་ཁང་དུ་དོ་དམ་འོག་བཞུགས་པའི་སྐབས་ལ་ཉེ་ཆར་ཨ་མི་རི་ཀ་བ་ཞིག་གིས་གཙང་

ཆུ་གྲོལ་ཏེ་ཁོང་གི་གཟིམ་ཁང་དུ་བསྐྱོད་དེ་ཐུགས་འཕྲད་བྱས་པ་དེ་ནི་འབར་མའི་རྒྱལ་ནང་གི་བདེ་འཇགས་ཁྲིམས་ལུགས་དང་འགལ་འཛོལ་བྱས་

པའི་ནག་ཉེས་འོག་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཚར་ཙམ་ལ་དྲག་པོའི་གཞུང་གི་ནང་སྲིད་བློན་ཆེན་ཁྲིམས་ཁང་གི་

མདུན་དུ་ལངས་ཏེ་དྲག་པོའི་གཞུང་གིས་ལྕམ་ཨང་སན་སུ་ཀི་ཡི་ཉེས་ཆད་ལོ་ཚད་ཉུང་དུ་བཏང་སྟེ་ཟླ་བ་བཅོ་བརྒྱད་ཡིན་པའི་གསལ་བསྒྲགས་

བྱས་པ་དང་ཆབས་ཅིག་ཁོང་གི་བཙོན་འཇུག་གི་ལོ་ཚད་དེ་དག་རྒྱལ་ས་ཡང་གོན་ནང་དུ་ཡོད་པའི་ཁོང་གི་གཟིམ་ཁང་དུ་དོ་དམ་བཀག་ཉར་བྱ་

རྒྱུ་ཡིན་པ་བཤད་ཡོད་པ་རེད།

རྒྱལ་སྤྱིའི་ནང་དྲག་པོའི་གཞུང་གིས་ལྕམ་ཨང་སན་སུ་ཀི་ལ་ནག་ཉེས་ཀྱི་ཉེས་ཆད་བཏང་བའི་བྱ་སྤྱོད་དེ་དག་ནི་ལྕམ་ཨང་སན་སུ་ཅི་འབར་མའི་

འོས་བསྡུའི་ནས་གཡོལ་ཐབས་བྱེད་པའི་བཅོས་མའི་འཁྲབ་སྟོན་ཞིག་ཡིན་པ་ངོས་འཛིན་བྱེད་པ་མ་ཟད་ཡོ་རོབ་རྒྱལ་ཁབ་ཉི་ཤུ་རྩ་བདུན་ཡོད་པའི་

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་ཡོ་རོབ་རྒྱལ་ཁབ་ཁག་གིས་འབར་མའི་རྒྱལ་ཁབ་ཐོག་དཔལ་འབྱོར་སོགས་

ཁེ་ཕན་སྐྲུན་རྒྱུ་བཀག་བསྡོམས་བྱེད་མུས་ལ་ད་དུང་ཡང་སྔར་བས་དམ་བསྒྲགས་ཆེ་རུ་བཏང་སྟེ་འབར་མའི་གཞུང་ལ་ཉེས་ཆད་གཏོང་རྒྱུ་ཡིན་

ཞེས་གསུངས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།