འབའ་ཐང་དུ་ངོ་རྒོལ།

17/04/2009 08:53

བོད་ཁམས་འབའ་ཐང་རྫོང་དུ་བོད་མིས་ངོ་རྒོལ།

བོད་ཀྱི་ཁམས་འབའ་ཐང་རྫོང་གི་སྒང་རི་ས་ཁུལ་ནང་ཡོད་པའི་བོད་མི་

རྣམས་ཀྱིས་ས་གནས་ཉེན་རྟོག་ལས་ཁུངས་མེར་སྲེག་བཏང་ཡོད་འདུག།

༄༅༎ཟླ་བ་ཨེ་འདིའི་ཚེས་བཅུ་བཞི་ཉིན་གྱི་མཚན་མོར་བོད་ཀྱི་ཁམས་འབའ་ཐང་རྫོང་གི་སྒང་རི་ས་ཁུལ་

ནང་ཡོད་པའི་བོད་མི་རྣམས་ཀྱིས་ས་གནས་ཉེན་རྟོག་ལས་ཁུངས་མེར་སྲེག་བཏང་ཡོད་པའི་གནས་ཚུལ་

ཐོན་ཡོད་པ་རེད།  མེར་སྲེག་གི་དོན་རྐྱེན་དེའི་ནང་མི་ཤི་རྨས་སྐྱོན་ཆགས་སོགས་ཀྱི་གནས་ཚུལ་དང་དེ་

མིན་དོན་རྐྱེན་དེས་རྐྱེན་པས་བོད་མི་འཛིན་བཟུང་བྱས་ཡོད་མིན་སོགས་ཐོན་ཡོད།

ཁམས་འབའ་ཐང་རྫོང་གི་སྒང་རི་ས་གནས་ནང་སྔ་ལོ་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་ལ་རྡོ་འཕེན་པའི་

འཁྲུག་འཛིང་གི་གནད་དོན་གྱི་རྐྱེན་པས་ས་གནས་ཀྱི་བོད་མི་མང་པོ་རི་ལ་བྲོས་དགོས་པའི་གནས་ཚུལ་བྱུང་

ཡོད་ལ་ད་དུང་ལོ་སྔོན་མའི་ཕྱི་ཟླ་གསུམ་པའི་ཚེས་དགུ་ཉིན་ས་ཁུལ་དེའི་ནང་ཡོད་པའི་ཉེན་རྟོག་ལས་ཁུངས་

ཀྱི་ནང་འབར་རྫས་བཞག་པའི་ཁ་དཀྲི་དང་ཡང་ཉེན་རྟོག་ལས་ཁུངས་མེར་སྲེག་བཏང་བ་སོགས་རྒྱ་ནག་

གཞུང་ལ་ངོ་རྒོལ་གྱི་རྣམ་པ་མཚོན་པའི་ལས་འགུལ་ཇེ་མང་ཐོན་ཡོད་པ་རེད༎

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་ཚིགས་སུ་ཤུས།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།