འབྲེལ་མོལ་
11/09/2009 15:49
འབྲེལ་མོལ་ལ་བསྐུལ་བ།
བོད་ཀྱི་དུས་བབ།
སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་དང་༧གོང་ས་མཆོག་གི་བར་གུ་ཡངས་པའི་འབྲེལ་མོལ་གནང་
དགོས་པར་བསྐུལ་འདུག
ཕྱི་ཚེས་ ༡༠ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་འབྲེལ་ཡོད་ལས་བྱེད་ཅིག་གིས་བཤད་
དོན། ཨ་རིའི་གཞུང་གིས་རྒྱ་ནག་དང་ཏཱ་ལའི་བླ་མའི་བར་དུ་གུ་ཡངས་པའི་འབྲེལ་མོལ་ཞིག་ཡོང་དགོས་པར་
འབོད་སྐུལ་ཞུས་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ལན་ ཁེལ་ལེ་ ལགས་ཀྱིས་བཤད་དོན། ང་ཚོས་
ཏཱ་ལའི་བླ་མ་མཆོག་ལ་བླ་ན་མེད་པའི་གུས་བརྩི་བྱེད་ཀྱིན་ཡོད། ཁོང་ནི་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་དག་གི་
ཁྲོད་ནས་རྩེ་གྲས་ཤིག་རེད། ང་ཚོས་ག་དུས་ཡིན་ནའང་རྒྱ་ནག་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འཇུག་པ་ཚོའི་
བར་ལ་སྔར་ལས་ལྷག་པའི་གུ་ཡངས་ཀྱི་འབྲེལ་མོལ་ཞིག་ཡོང་བར་སྐུལ་འདེད་བྱེད་བཞིན་ཡོད་ཅེས་བཤད་འདུག
རྗེས་སོར་དྲི་བ་ཞིག་གི་ལན་དུ་ཁོང་གིས། ཏཱ་ལའི་བླ་མ་ཕྱིར་རང་གི་ཕ་ཡུལ་དུ་ལོག་ཕེབས་རྒྱུའི་ཐད་ཨ་རིའི་གཞུང་ལ་
དམིགས་བཀར་གྱི་འཆར་གཞི་འདྲ་མེད། དེའི་ཐད་དུ་ང་ཚོས་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུའི་ཐད་ལ་ངས་
ད་ལྟའི་ཆར་བསམ་ཚུལ་བཤད་ཐུབ་གི་མི་འདུག་ཅེས་བཤད་ཡོད་་པ་རེད།
———
Back