ཡ་རབས་འདུ་ཤེས་
12/04/2009 11:16
ཡ་རབས་འདུ་ཤེས་ལྷུག་བརྗོད་མ།
གཞན་ཕན་འཁོར་བའི་མཛེས་རྒྱན།།
སེམས་བཟང་བླ་མའི་ཞལ་ལུང་།།
ལས་འབྲས་འཇིག་རྟེན་ཆོས་ཉིད།།
སྙིང་རྗེ་བོད་པའི་རང་གཤིས།།
འདོད་ཆུང་ཨ་མའི་བསླབ་བྱ།།
ཆོས་ཤེས་སྒྲུང་གི་ཉིོང་ཁུ།།
ཡིད་གཞུང་བདེ་བའི་དཔལ་བོ།།
གཤིས་དུལ་ཞི་བདེའི་འབྱུང་གནས།།
ངོ་ཚ་ལེགས་ཉེས་འབྱེད་མཚམས།།
འཁྲེལ་ལྡན་མཁས་པའི་རྒྱུ་ནོར།།
བག་ཡོད་བསྟན་པའི་བདག་པོ།།
ཞི་དུལ་དགེ་སློབ་འདུ་ཤེས།།
ཡོན་ཏན་ལེགས་བྱས་འབྲས་བུ།།
བརྩོན་འགྲུས་ཀུན་གྱི་གཞི་མ།།
སྙིང་རུས་རྒྱལ་ཁའི་གཏེ་བོ།།
རྣམ་གཡེང་རྗེས་ལུས་བདག་མོ།།
ལེ་ལོ་དུས་ཀྱི་སྲིན་པོ།།
ཁེངས་དྲེགས་ཤེས་བྱའི་སྒོ་སྲུང་།།
བརྣབ་སེམས་སྙིང་གི་དུག་ཆུ།།
གནོད་སེམས་སྤྱི་ཡི་དགྲ་བོ།།
གཏོང་ཕོད་ཆོས་ཀྱི་ཕུང་པོ།།
བཟོད་བསྲན་རྙོག་དྲའི་སྨན་ལྷ།།
རྫུན་སྤོང་ཁ་ཡི་མེ་ཏོག །
ངག་འཇམ་འགྲིན་པའི་ནང་བསྟན།།
ཡ་རབས་སྤྱོད་པའི་རྒྱུ་ཡིན།།
དཀོན་མཆོག་ནས་ ༢༠༠༩། ༤། ༡༢་ཉིན་ལ།
———
Back