ཡ་ཧོ་ནང་འཇུག་བྱེད་སྟངས
30/07/2009 19:31
ཡ་ཧོ་གླེང་མོལ་ཁང་ཨང་གྲངས ༩ ནང་འཇུག་བྱེད་སྟངས། ( Yahoo Messager 9)
འདི་ནི་ཡ་ཧོ་གླེང་མོལ་ཁང་དགུ་པ་ནང་འཇུག་བྱེད་སྟངས་ཡིན། སྤྱིར་བདག་གི་དྲ་ཚིགས་སུ་ཕེབས་
མཁན་རྣམས་ཀྱི་མཁྱེན་གསལ་རེད་དེ། དེ་རིང་ངའི་གྲོགས་པོ་ཞིག་གིས་ཡ་ཧོ་ནང་འཇུག་བྱེད་
སྟངས་ཞིག་དྲ་ཐོག་སྤེལ་རོགས་ཤིག་བསྐུལ་མ་མཛད་པ་བཞིན་ནང་འཇུག་བྱེད་སྟངས་རག་ཙམ
ཙམ་ཞུ། མ་ཟད་ཡ་ཧོ་གླེང་མོལ་དགུ་པའི་ནང་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ (Unicode) བཀོད་
སྤྱོད་ཧ་ཅང་བདེ་པོ་ཡོད་ཙམ་གཅིག་བྱས་ན་གཞན་ལ་ཡང་ཕན་ཐོག་འདྲ་མེད་འགྲོ་སྙམ།
གལ་ཏེ་ཁྱེད་རང་གི་གློག་ཀླད་ནང་དུ་ཡ་ཧོ་རྙིང་པ་ཡོད་ན་ཕྱིར་འདོན་བྱ་ན་ལེགས།
ཐོག་མ་ཡ་ཧོ་གླེང་མོལ་ཕབ་ལེན་གནང་ཡུལ། འདིར་གནོན། འདིར་གནོན་དུས་ཡ་ཧོ་དྲ་
ཚིགས་གཙོ་ངོས་དེ་ཁ་ཕྱེ་ངེས། དེ་ནས་གཤམ་འཁོད་པར་རིགས་ནང་གསལ་ཡིན།

ནང་འཇུག་མགྱོགས་ཚད་ནི་ཁྱེད་རང་གི་དྲ་ལམ་ལ་རག་ལས། གལ་ཏེ་དྲ་ལམ་མགྱོགས་པོ་ཡོད།
སྐར་མ་༡༥ ཙམ་མ་གཏོགས་མི་འགོག དྲ་ལམ་འགོར་པོ་ཡོད་ན་ཕལ་ཆེར་དེ་ལས་མང་བ་འགོག
འདི་ནི་ཡ་ཧོ་ནང་འཇུག་ཟིན་དུས་ཁྱེད་ཀྱི་གློག་ཀླད་བརྙན་ཡོལ་ངོས་སུ་ཆར་ངེས། དེར་གཉིས་
གནོན་བྱེད་ན་ཁ་ཕྱེ་ཡོངས། དེ་ནས་ཁྱེད་རང་གི་ཁ་བྱང་དང་གསང་ཚིག་བྲིས་ཚར་དུས་
Sign in ཞེས་པར་གནོན་ན་འཕྲལ་དུ་ཁ་ཕྱེ་ངེས། གལ་ཏེ་ཁྱེད་རང་གིས་ཁ་བྱང་དང་གསང་ཚིག
ནོར་ཚེ། ཁྱེད་རང་གིས་ཉིན་གང་སྒུག་ནའང་ཁ་མི་ཕྱེ་ཐག་ཆོད་རེད།
———
Back