ཡིད་སྐྱོའི་གནས་ཚུལ།

16/10/2009 18:12

ཡིད་སྐྱོའི་བོད་འབྱོར་གནས་ཚུལ།
བོད་ཀྱི་དུས་བབ།
སྤྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༣ ཉིན་གདན་ས་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་ཞལ་སྔ་ནས་རྗེ་བཙུན་བློ་བཟང་ཆོས་

གྲགས་དཔལ་བཟང་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་ཞི་དབྱིངས་སུ་ཐིམས་འདུག 

སྔགས་ཆེན་ཞལ་སྔ་ནས་མཆོག་ནི། གཞིས་རྩེ་གྲོང་ཁྱེར་དང་ཁད་ཉེ་བའི་ལྷོ་ཕྱོགས་ལྕགས་ཞེས་པའི་ལུང་པར་སྐུ་འཁྲུངས་

ཤིང་། མཚན་ལ་སྤེན་པ་ཞེས་ཞུ། སྐུ་ན་ཆུང་དུས་ནས་གདན་ས་བཀྲ་ཤིས་ལྷུན་པོར་རབ་ཏུ་བྱུང་ཞིང་ཚད་ལྡན་དགེ་བའི་

བཤེས་གཉེན་དུ་མ་བསྟེན་ནས་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་མཁས་པའི་གྲགས་པ་ཐོབ། དམངས་གཙོའི་བཅོས་

བསྒྱུར་དང་རིག་གསར་སྐབས་སྐུ་ངལ་ཚད་མེད་བྱུང་ཞིང་ལྷག་པར་རིག་གསར་སྐབས་བཙོན་དུ་བཅུག་དགོས་བྱུང་།

སྤྱི་ལོ་ ༡༩༨༥ ལོར་༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་ནས་སྔགས་ཆེན་དུ་བསྐོ་བཞག་གནང་བ་ནས་གདན་

སའི་བཤད་སྒྲུབ་ཀྱི་ཁུར་ལོ་མང་བཞེས་ཤིང་། དགེ་ལྡན་བསྟན་པའི་བདག་པོའི་སྐུར་བཞེངས་ནས་རིས་མེད་དད་ལྡན་

སྐྱེ་བོ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཞིང་ལ་ཕེབས་རྗེས་

ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་མིའི་གྲས་ཡིན་པ་དང་། སྤྱི་ལོ་ ༡༩༩༥ ལོར་པཎ་ཆེན་རིན་པོ་ཆེའི་ཡང་

སྲིད་ཀྱི་དོན་རྐྱེན་སྐབས་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་པའི་སྒྲུབ་བྱེད་མཐར་བཀག་

གནང་རྐྱེན། རྒྱ་གཞུང་གིས་སྔགས་པ་གྲྭ་ཚང་གི་ཁྲི་ཐོག་ནས་ཕུད་དེ་གཞིས་རྩེར་བཀག་ཉར་བྱས། གཞིས་རྩེའི་སེར་སྐྱ་

མི་མང་གིས་གསང་བའི་ཐོག་གསུང་ཆོས་དང་བཀའ་སློབ་ཞུ་བ་སོགས་ལ་བརྟེན། གཞིས་རྩེར་ཡང་བཞུགས་མ་བཅུག་

པར་ལྷ་སར་གདན་དྲངས་ཏེ་ར་མོ་ཆེར་བཞུགས་ནས།    སྔར་བཞིན་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ་ལྷ་ས་ཁུལ་དུ་

གསུང་ཆོས་གནང་མཁན་མེད་པའི་སྟོང་ཆ་ཁ་གསབ་མཛད།

སྤྱི་ལོ་ ༢༠༠༩ ལོ་མགོར་རང་གི་གདན་སར་ཐེངས་གཅིག་ཕེབས་བཅུག  སྐུ་གཤེགས་སྐབས་དགུང་གྲངས་བརྒྱད་ཅུ་

ལྷག་ཙམ་ལ་ཕེབས་ཡོད་པ་རེད། སྔགས་ཆེན་ཞལ་སྔ་ནས་མཆོག་ནི། ཐུགས་དྲངས་ཚུགས་ལྡན་ཞིང་ཐུགས་ལ་གང་

དགོངས་གསུང་ཕོད་པའི་སྙིང་སྟོབས་ལྡན་པ་དང་།     ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་གནང་སྐབས་

ནགས་ཆུ་ལྷ་རིར་༧དགེ་འདུན་ཆོས་ཀྱི་ཉི་མ་དང་མཇལ་ཏེ། སྐུ་ཚེ་སྔོན་མའི་བག་ཆགས་ཀྱིས་ཕན་ཚུན་ཐུགས་འདྲིས་

ཡོད་པ་ལྟ་བུས་གསུང་གླེང་དུ་མ་གནང་ཞིང་།     སྔགས་ཆེན་རིན་པོ་ཆེའི་སྐུ་པང་དུ་བཞུགས་ཏེ་ཡུད་ཙམ་གཟིམ་པ་

སོགས་ཐུགས་སྣང་དགེ་བའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། མདོར་ན་ཁོང་ནི་པཎ་ཆེན་སྐུ་ཕྲེང་བཅུ་

གཅིག་པ་རྩད་འཚོལ་གནང་མཁན་་དང་མཇལ་མྱོང་མཁན་གྱི་མི་ཆེས་ཉུང་ངུའི་ནང་ནས་གཅིག་ཡིན་པ་བཅས་

ཀྱི་ངོ་སྤྲོད་མདོར་བསྡུས་སུ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།