ཡུན་ནན་ལ་ས་འགུལ།
ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ། ད་ལྟའི་རྒྱ་ནག་གི་མངའ་ཁུལ། ཡུན་ནན་ཞིང་ཆེན་ཁྲུའུ་ཞོང་
དབྱི་རིགས་རང་སྐྱོང་ཁུལ་ཡའོ་ཨན་རྫོང་དུ་ཚད་རིམ་ ༦ . ༠ ཅན་གྱི་ས་ཡོམ་ཆེན་པོ་ཞིག་བརྒྱབས་ཡོད་པ་དང་། ཡུན་
ནན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་ནས་ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༡ བར་ཤེས་རྟོགས་བྱུང་བ་ལྟར་ན། མི་ ༡ ཤི་བ་
དང་མི་ ༣༢༠ ཙམ་ལ་རྨས་སྐྱོན་ཕོག་པ། ཁང་པ་ ༣༤༠༠ ཙམ་རྡིབ་སྐྱོན་བྱུང་ཡོད་ཚུལ་བརྗོད་འདུག

རྒྱ་ནག་གི་ས་ཡོམ་དྲ་བས་ཚད་འཇལ་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ནི་འཕྲེད་ཐིག་བྱང་ལ་ཚད་ ༢༥ .༦ དང་།
ཤར་གྱི་གཞུང་ཐིག་གི་ཚད་ལ་ ༡༠༡ . ༡ ཙམ་གྱི་སར་བྱུང་ཡོད་པ་དང་། ས་ཡོམ་གྱི་ཟབ་ཚད་སྤྱི་ལེ་ ༡༠ ཙམ་ཟིན་ཡོད་
འདུག ཐེངས་འདིའི་ས་ཡོམ་གྱིས་ཡུན་ནན་ཞིང་ཆེན་འོག་གི་རྫོང་ ༩ དང་། མི་གྲངས་འབུམ་བདུན་ ༧༠༠༠༠༠ ཙམ་ལ་
གནོན་སྐྱོན་ཕོག་ཡོད་འདུག དེ་རིང་སྔ་དྲོ་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིར་
ཡུན་ནན་ནང་ས་འགུལ་བྱུང་མ་ཐག ཡུན་ནན་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་ལའོ་ཀྲེང་ཧྤུ་རྟོགས་ཞིབ་ཏུ་སྐྱོད་ཡོད་
པ་དང་། ཀྲུང་གོའི་རང་བྱུང་གནོད་འགོག་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་སྡེ་ཁག་གཉིས་ནས་རྒུད་སྐྱོབ་སྒྲིག་ཆས་
དང་སྦྲ་གུར་ ༥༠༠༠ ཙམ་དྲ་སྒྲིག་གིས་ས་གནས་སུ་བསྐྱོད་ཡོད། དེ་བཞིན། ཡུན་ནན་ཞིང་ཆེན་དམངས་སྲིད་ཁང་གིས་
སྦྲ་གུར་ ༢༥༠༠ དང་ཉལ་ཆེས་ ༣༠༠༠ ཙམ་ས་གནས་སུ་བསྐྱལ་ཡོད་ཚུལ་བསྒྲགས་འདུག