རྐང་སྤོལ་མོན་གྷོ་ཐོབ་པ།

10/06/2009 13:06

གསེར་བུམ་མོན་གྷོར་ཐོབ་ཡོད།

བོད་ཀྱི་དུས་བབ།

སྐབས་ ༡༥ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་དེ། ངྷ་

སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་ཕྱི་ཚེས་ ༣༡ ཉིན་ནས་མགོ་འཛུགས་བྱས་ཏེ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་ལྷོ་ཕྱོགས་མོན་གྷོ་ཌི་དང་མ་ཌི་ར་སི་གཉིས་མཐའ་མའི་སྟེང་རྩོད་འགྲན་བསྡུར་ལ་ཞུགས་ཏེ། ལྟད་མོ་བ་སྟོང་

ཕྲག་མང་པོའི་ཐལ་སྒྲ་དང་འབོད་སྒྲའི་ཁྲོད་ནས་མོན་གྷོ་ཌི་ལ་སྤོ་ལོ་ ༤ ཐོབ་སྟེ་ཨང་དང་པོ་དང༌། མ་ཌི་རི་སི་

ལ་སྤོ་ལོ་ ༣ ཐོབ་སྟེ་ཨང་གཉིས་པ་ཐོབ་ཡོད།


  སྐབས་དེར་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་

མོན་གྷོ་ཌི་ལ་གསེར་གྱི་བུམ་པའི་གཟེངས་རྟགས་དང་། མ་ཌི་ར་སི་ལ་དངུལ་གྱི་བུམ་པའི་གཟེངས་རྟགས་བསྩལ་ཏེ།

༢༠༠༩ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྕེད་སྤོ་ལོ་འགྲན་བསྡུར་རྒྱལ་ཁའི་ངང་གྲོལ་ཡོད།    ཐེངས་འདིའི་རྒྱལ་ཡུམ་

ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ཁྲོད། ས་གནས་ཁག་ ༡༢  ལྷག་གི་རྐང་སྤོལ་རུ་ཁག་

༡༨  དང༌། རྩེད་མོ་བ་ ༢༧༠ ཙམ་འཛུལ་ཞུགས་གནང་ཡོད།


Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།