རྒྱ་གཞུང་གིས་མི་མང་

19/08/2009 09:43

རྒྱ་གཞུང་གིས་མི་མང་གི་བདེ་སྡུག་ལ་འཛིན་པའི་སྲིད་ཇུས་སྐོར 

RFA

དེ་རིང་རྒྱ་ནག་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ལ་རྒྱ་ནག་དམར་ཤོག་ཚོགས་པས་ས་གནས་ཀྱི་དཔོན་རིགས་ཚོར་སོ་

སོའི་མི་དམངས་ཀྱི་བདེ་སྡུག་དཀའ་ངལ་ཞུ་གཏུགས་བྱེད་དུ་དབུས་གཞུང་ལ་མ་བཏང་བར་ས་གནས་རང་གི་ཐོག་ནས་

སེལ་ཐབས་བྱེད་དགོས་ཀྱི་རེད་ཅེས་བཀོད་ཁྱབ་བཏང་བའི་གནས་ཚུལ་བཀོད་ཡོད་པ་དང་དེ་ནི་དམར་ཤོག་ཚོགས་པས་

མི་དམངས་ཀྱི་བདེ་སྡུག་ཐོག་འཛིན་པའི་སྲིད་ཇུས་དེ་ལྟ་བུ་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡིན་པ་རེད། 

ད་དུང་རྒྱ་ནག་དམར་ཤོག་ཚོགས་པས་པེ་ཅིང་དུ་ཞུ་གཏུགས་བྱེད་དུ་ཡོང་མཁན་མང་བའི་ཞིང་ཆེན་དང་ས་ཁུལ་ཁག་

ནང་ཁྲིམས་མཐུན་གྱི་དཔོན་རིགས་ཆེད་གཏོང་བྱས་ཏེ་ས་གནས་དེའི་གའི་ནང་དུ་མི་དམངས་ཀྱི་གྱོད་དོན་ལ་ཁ་ཡ་བྱེད་

རྒྱུ་ཡིན་ཞེས་དང་ལྷག་པར་དུ་ཞིང་ཆེན་དང་གྲོང་ཁྱེར་ས་གནས་སོ་སོའི་གལ་ཆེའི་དཔོན་རིགས་དང་ཁྲིམས་ལུགས་མི་སྣ་

ཚོས་ཟླ་བ་རེ་རེའི་ཐོག་ལ་བདེ་སྡུག་ཞུ་གཏུགས་བྱེད་མཁན་དང་ཐུག་འཕྲད་བྱེད་དགོས་པ་དང་གྱོད་དོན་ཉིན་གྲངས་དྲུག་

ཅུ་ནང་སེལ་ཐབས་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

རྒྱལ་ས་པེ་ཅིང་དུ་ཡོང་སྟེ་རྒྱ་ནག་དབུས་གཞུང་ལ་བདེ་སྡུག་གི་ཞུ་གཏུགས་བྱེད་མཁན་མང་ཆེ་བ་རྒྱ་ནག་གི་ས་གནས་སྐྱོ་

བའི་གྲོང་གསེབ་ས་ཁུལ་གྱི་མི་དམངས་ཡི་ནཔ་དང་དེ་དག་ནི་རྒྱུན་དུ་ནས་ས་གནས་སོ་སོའི་དཔོན་རིགས་ཀྱིས་ཁོང་ཚོའི་

བདེ་སྡུག་ཐོག་ལ་ཁ་ཡ་མ་བྱས་པ་ཤ་སྟག་ཡིན་པ་རེད།  ཉེ་བའི་འཆར་གྱི་དུས་ཚོད་ནང་བདེ་སྡུག་ཞུ་གཏུགས་བྱེད་མཁན་

ཚོས་ཐབས་ལམ་གསར་པ་ཞིག་ཐབས་འཚོལ་གྱིས་ཁོང་ཚོའི་བདེ་སྡུག་གི་འབོད་སྒྲ་དཔོན་རིགས་ཚོས་ཐོས་ཐུབ་པའི་ལས་

འགུལ་སྤེལ་ཏེ་དཔེར་ན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བརྒྱུད་རྒྱ་ནག་དབུས་གཞུང་གི་

དཔོན་རིགས་བསུན་བཙིར་དང་གནས་བཟོད་མི་བདེ་བ་བཟོ་ཐབས་བྱེད་བཞིན་ཡོད་ཀྱང་ན་ནིང་ཕྱི་ཟླ་བརྒྱད་པའི་ནང་པེ་

ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་དེར་རྒྱ་ནག་གཞུང་གིས་དཀའ་ངལ་གྱི་བདེ་སྡུག་ཞུ་གཏུགས་བྱེད་

མཁན་མང་པོ་ཞིག་གཙང་སེལ་བྱས་ཡོད་པ་རེད།

རྒྱ་ནག་གྲོང་གསེབ་མི་དམངས་ཀྱི་བདེ་སྡུག་གི་དཀའ་ངལ་ཞུ་བའི་གྱོད་དོན་མང་ཆེ་བ་ནི་ས་གནས་དཔོན་རིགས་ཀྱིས་ས་

ཞིང་བཙན་འཕྲོག་བྱས་པ་དང་ཡང་ན་གྱོད་གཞི་གང་ཞིག་ཡིན་རུང་དྲང་བདེན་གྱི་ཐག་གཅོད་མ་བྱས་པའི་རིགས་དང་

ཡང་ན་ས་གནས་ཉེན་རྟོག་པས་མི་གང་ཞིག་ལ་ཉེས་རྡུང་བཏང་བ་དང་དོ་དམ་འོག་བཀག་ཉར་བྱས་པའི་གྱོད་དོན་ཞུ་

གཏུགས་བྱེད་མཁན་ཡིན་ཞིང་གང་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་དེའི་འོག་ལ་ལོ་ནས་ལོ་བྱས་ཏེ་མི་

དམངས་ཀྱི་བདེ་སྡུག་ཐོག་ལ་མིག་དཔེ་བཏོན་ཐུབ་པའི་ཁྲིམས་མཐུན་གྱི་ལམ་ལུགས་ཞིག་ལག་བསྟར་བྱེད་ཐུབ་ཀྱི་མེད་

པ་རེད། 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།