རྒྱ་གར་དུ་་ནད་ཡམས་

10/08/2009 15:25

རྒྱ་གར་དུ་ཕག་འཆམ་ནད་ཡམས་ཀྱི་འཇིགས་སྣང༌།

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་པུན་ནའི་ནང་

ཕག་འཆམ་ནད་ཡམས་ཀྱིས། བདུན་གཅིག་གི་ནང་མི་གྲངས་༥ ཙམ་ཤི་ཡོད་པ་དང༌།    ལྡི་ལི་སོགས་གྲོང་ཁྱེར་ཁག་

ནང་ནད་ཡམས་འདི་ཁྱབ་

བརྡལ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པས། གྲོང་ཁྱེར་ཁག་གི་སློབ་གྲྭ་མང་པོ་ཞིག་གནས་སྐབས་རིང་སྒོ་རྒྱག་དགོས་

བྱུང་ཡོད་པ་རེད།    སྤྱིར་ད་ལྟའི་བར་ཕག་འཆམ་ནད་ཡམས་ཀྱིས་རྐྱེན་བྱས་ཏེ་འཛམ་གླིང་ནང་མི་གྲངས་༨༠༠ ཙམ་

ཤི་ཡོད་པ་དང༌། དམིགས་བསལ་གྱི་གྲོང་ཁྱེར་ཆེ་ཁག་ཏུ་མི་རིགས་མང་པོ་ས་གནས་སྣ་ཚོགས་ནས་ཡོང་མཁན་ཤིན་

ཏུ་མང་བས། ནད་ཡམས་འདིའང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་རེད།  

 རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་པུན་ནའི་ནང་ཕག་འཆམ་ནད་ཡམས་ཀྱིས་བདུན་གཅིག་གི་རིང་མི་༥ གྲོངས་ཡོད་པ་

དང༌། མི་གྲངས་༦ ལ་ནད་ཡམས་ཀྱིས་ཉེན་ཚབས་ཆེན་པོ་ཡོད་པ་རྒྱ་གར་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གཞུང་འབྲེལ་

གསལ་བསྒྲགས་ནང་འཁོད་ཡོད་པ་རེད།    ད་ལྟའི་ཆར་རྒྱ་གར་ནང་མི་གྲངས་༨༠༠ཙམ་ལ་ཕག་འཆམ་གྱི་ནད་གཞི་

ཡོད་པའི་དོགས་ཟོན་གྱིས་སྨན་བཅོས་འགྲོ་བཞིན་ཡོད་པ་དང༌། ནད་ཡམས་འདི་ཕྲུ་གུ་རྣམས་ལ་འགོ་སླ་བས། རྒྱ་གར་

གྱི་ནུབ་དང་ལྷོ། གྲོང་ཁྱེར་ལྡི་ལའི་སོགས་སུ་གནས་སྐབས་རིང་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་པ་དང༌།

རྒྱ་གར་ནང་ཉིན་རེ་བཞིན་ནད་ཡམས་འདིས་ན་མཁན་མང་དུ་འགྲོ་བཞིན་ཡོད་པས། སྲིད་བློན་མཱན་མོ་ཧཱ་སིན་མཆོག་

གིས། རྒྱ་གར་འཕྲོད་བསྟེན་བློན་ཆེན་ལ་ནད་ཡམས་འགོག་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་དགོས་པའི་བཀའ་རྒྱ་

བཏང་ཡོད་པ་རེད།
    འཕྲོད་བསྟེན་བློན་ཆེན་གྷུས་ལམ་ནཱ་བྷས་མཆོག་གིས། རྒྱ་གར་གྱི་མངའ་སྡེའི་གཞུང་ཚང་མར་ནད་ཡམས་འགོག་

ཐབས་ཀྱི་ལས་གཞི་རོགས་རམ་ཚོགས་པ་བཙུགས་དགོས་པ་དང༌། གཞུང་འབྲེལ་གྱི་སྨན་ཁང་ཁོ་ན་མིན་པར་སྒེར་གྱི་

སྨན་ཁང་ཁག་ལའང་ནད་ཡམས་འགོག་ཐབས་ཀྱི་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་ཞུས་ཡོད་ཅེས་གསུངས་ཡོད་

པ་རེད། དེང་སྐབས་རྒྱ་གར་གྱི་ས་གནས་གང་སར་ནད་གཞི་སྔོན་འགོག་དང་བརྟགས་དཔྱད་ལྟེ་གནས་ཁང་གྲངས་

༡༢ ཙམ་བཙུགས་ཡོད་རུང༌། རྒྱ་གར་ནང་མི་འབོར་མང་དྲགས་པ་དང་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་རུ་འགྲོ་བའི་

རྐྱེན་གྱིས། ནད་གཞི་བརྟགས་དཔྱད་ལྟེ་གནས་ཁང་དེ་དག་གིས་འཐུས་ཚང་དོན་ཕན་ལྡན་པའི་ལས་དོན་སྒྲུབ་ཐུབ་

ཀྱི་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།