རྒྱ་གར་ལ་སྡིག་ར

10/11/2009 10:34

རྒྱ་ནག་གཞུང་གིས་རྒྱ་གར་ལ་སྡིག་ར    བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་

སྡེའི་མོན་རྟ་དབང་ནང་ཆིབས་བསྒྱུར་བསྐྱངས་གནང་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་མ་

ཟད་དེ་རིང་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཉེན་བརྡའི་སྡིག་ར་བཏང་འདུག           རྒྱ་ནག་གཞུང་འབྲེལ་རྒྱ་ནག་མི་

མང་ཉིན་རེའི་གསར་ཤོག་ནང་ཆེད་རྩོམ་ཞིག་སྤེལ་བའི་ནང་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་ཡོང་སྲིད་པ་

ཉེན་བརྡ་བཏང་དོན་ལ་རྒྱ་གར་གྱིས་འཁྲུག་རྐྱེན་ཡང་ཡང་བསླངས་པའི་འབྲས་བུར་ཕྱི་ལོ་༡༩༦༢ལོར་ཡུལ་གྲུ་གཉིས་

དབར་དམག་འཁྲུག་བྱུང་བའི་སློབ་གསོ་དེ་རྒྱ་གར་གྱིས་ཕལ་ཆེར་བརྗེད་ཡོད་སྲིད་པའི་སྐོར་དང་རྒྱ་གར་ཡང་བསྐྱར་

ལམ་ནོར་ལ་བསྐྱོད་ཀྱི་ཡོད་ལུགས་བཀོད་པ་ཀྲའེམ་སེ་ནའོ་ཞེས་པའི་གསར་ལས་ཀྱིས་ལུང་འདྲེན་བྱས་འདུག

ཡང་༸གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་ལ་གོང་ཞུས་རྩོམ་བྲིས་དེས་སྐྱོན་བརྗོད་ཞུས་

པ་དང་སྦྲགས་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་བེད་སྤྱོད་བཏང་སྟེ་ཁོང་བོད་ཀྱི་ལྷོ་ཕྱོགས་ཁུལ་དུ་ཕེབས་བཅུག་ནས་

ལོ་བཅུ་ཕྲག་འགའ་ཤས་རིང་གི་ས་མཚམས་རྩོད་རྙོག་དེ་སེལ་ཐབས་བྱེད་ཀྱི་ཡོད་སྲིད་པ་རེད་ལ་ཏཱ་ལའི་བླ་མ་བོད་

ལྷོ་ཕྱོགས་སུ་ཕེབས་པ་དེས་ཁུལ་དེའི་མི་མང་ཁྲོད་དུ་རྒྱ་ནག་ལ་འགོག་རྒོལ་གྱི་ཀུན་སློང་སྐྱེད་འཇུག་རྒྱུ་ཡིན་ལུགས་

དང་རྩོད་རྙོག་དེ་རྣོ་ངར་ཆེ་རུ་ཆེ་རུ་འགྲོ་སྐབས་རྒྱ་གར་གྱིས་འཆར་བཀོད་བྱས་པ་ལྟར་རྒྱ་ནག་གཞུང་གིས་དེར་གདོང་

ལེན་བྱེད་དགོས་རྒྱུ་ཡིན་ལུགས་རྒྱ་ནག་གི་ལྷོ་ཨེ་ཤེ་ཡའི་གནད་དོན་ཐོག་ཉམས་ཞིབ་བྱེད་མཁན་རྒྱ་མི་ཧུ་ཧྲི་ཧྲེང་ཡིས་

བརྗོད་པ་ལུང་འདྲེན་བྱས་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།