རྒྱ་ནག་གི་དྲིལ་བསྒྲགས།

28/08/2009 11:31

རྒྱ་ནག་གི་རྒྱལ་བཙུཌ་དུས་ཆེན་གོང་རྒྱལ་གཅེན་གྱི་དྲིལ་བསྒྲགས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་གོང་ཙམ་ལ་རྒྱལ་གཅེས་ལྡན་པའི་གློག་བརྙན་རིགས་

དྲིལ་བསྒྲགས་བྱེད་རྒྱུ་འགོ་ཚུགས་ཡོད་འདུག          ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་མོ་འདི་ནི་རྒྱ་ནག་མི་མང་སྤྱི་

མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དྲུག་བཅུ་ཐམ་པ་ཧྲིལ་བུ་འཁོར་བའི་གལ་ཆེའི་ཉེན་མོ་ཞིག་ཡིན་པ་དང་རྒྱ་

ནག་གཞུང་ནས་ཀྱང་སྔོན་ཚུད་ནས་དགའ་སྟོན་གྱི་མཛད་རིམ་མང་པོ་ཞིག་གོ་སྒྲིག་བྱས་དང་བྱེད་བཞིན་ཡོད་པའི་

ཁོངས་སུ་གློག་བརྙན་ཁང་ནང་རྒྱ་ནག་རྒྱལ་ཁབ་ཆགས་དགོས་པའི་རྨངས་གཞི་ཞེས་པ་དང་ཐེ་ཡན་མན་ཞེས་པ་

སོགས་རྒྱལ་ཁབ་ལ་གཅེས་འཛིན་ནམ་ཞེན་ཁོག་ཅན་གྱི་གློག་བརྙན་རིགས་མང་ཙམ་བཏོན་རྒྱུ་དང་མང་ཚོགས་ནས་

དེ་དག་བལྟ་བར་འགྲོ་རྒྱུར་དམིགས་བསལ་ལག་འཁྱེར་ཆགས་ཡང་རིགས་ས་ཡ་མང་པོ་འགྲེམས་སྤེལ་བྱེད་རྒྱུ་ཡིན་

ལུགས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁ་ས་གསལ་བསྒྲགས་བྱས་ཡོད་འདུག

དེ་ཡང་པེ་ཅིང་གི་གྲོང་སྡེ་ལྷན་ཁང་གི་བརྙན་འཕྲིན་དང་རླུང་འཕྲིན་ཚན་པའི་འབྲེལ་ཡོད་ལས་བྱེད་ལྦང་ཇེན་གྱིས་

ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་ནང་ཡར་རྒྱས་ཕྱིན་པའི་གནས་ཚུལ་རྣམས་གློག་བརྙན་གྱི་ལམ་ནས་མང་ཚོགས་ནས་

ཤེས་རྟོག་ཐུབ་པའི་རེ་བ་ཡོད་ཅེས་དྲིལ་བསྒྲགས་བྱས་ཡོད་པ་རེད།   རིང་མིན་དུས་དྲན་གྱི་མཛད་སྒོའི་སྐབས་དམག་

མིའི་རུ་བསྒྲིགས་གཏོང་རྒྱུ་དང་དེ་བཞིན་མང་ཚོགས་ནང་རྩོམ་ཡིག་འགྲན་བསྡུར།གླུ་དབྱངས།པར་རིགས་ཀྱི་འགྲེམས་

སྟོན་བྱེད་རྒྱུས་མཚོན་གང་ལྟར་འདས་པའི་ལོ་ངོ་དྲུག་བཅུའི་ནང་རྒྱ་ནག་གཞུང་ནས་འཛུགས་སྐྲུན་ཡར་རྒྱས་ག་འདྲ་

བཏང་ཡོད་མེད་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་རྒྱ་ཆེ་བྱེད་རྒྱུའི་འཆར་གཞི་ཡོད་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།