རྒྱ་ནག་ཏུ་་དུས་དྲན

09/08/2009 00:31

རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་གྱི་དུས་དྲན་སྲུང་བརྩི།

རྒྱ་ནག་གིས་ན་ནིང་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་འགོ་བཙུགས་ཏེ་འཛམ་གླིང་གི་ཨོ་ལིམ་པིག་རྩེད་

འགྲན་གོ་སྒྲིག་བྱས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། དུས་དྲན་དེའི་བྱེད་སྒོའི་ཁོངས་

སུ་རྒྱ་ནག་གི་བློན་ཆེན་ལིའུ་པེང་གིས་བྱིའུའི་ཚང་ཞེས་པའི་ཨོ་ལིམ་པིག་རྩེད་ཐང་ཆེན་མོའི་ཐོག་ནས་གཏམ་བཤད་

གནང་བཞིན་པའི་མུར་འབུ་རས་དཀར་པོའི་ཆས་གོས་གྱོན་པའི་རྒྱ་མི་གྲངས་སུམ་ཁྲི་བཞི་སྟོང་ཙམ་གྱིས་རྒྱ་ནག་གི་

སྲོལ་རྒྱུན་དམག་རྩེད་སོགས་རྩེད་མོའི་རྣམ་གྲངས་མང་པོ་འགྲེམས་སྟོན་བྱས་ཡོད་པ་རེད།

དམག་རྩེད་འཁྲབ་སྟོན་འགྲེམས་སྟོན་དེའི་ནང་ལོ་ན་བདུན་ནས་དྲུག་ཅུ་རེ་ལྔ་བར་སོན་པའི་རྒྱ་མི་རྒན་གཞོན་བར་

གསུམ་གྱིས་མཉམ་ཞུགས་བྱས་ཐོག་འཛམ་གླིང་ནང་ད་བར་འགྲེམས་སྟོན་རྒྱ་ཆེ་ཅན་དེ་འདྲ་བྱས་པ་ཐོག་མར་ཡིན་

ལུགས་འཛམ་གླིང་གི་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་རེ་བ་ཡང་བྱེད་ཀྱི་ཡོད་པ་རེད། པེ་ཅིང་ནང་ཨོ་ལིམ་པིག་གི་

རྩེད་འགྲན་ཚུགས་ནས་ལོ་ངོ་གཅིག་ཕྱིན་པའི་རྗེས་སུའང་རྩེད་འགྲན་གྱི་ཕྱིའི་རྣམ་པ་ཁག་རྒྱ་ནག་གི་རྒྱལ་སའི་ནང་ད་

ལྟའང་གསལ་པོ་མཐོང་རྒྱུ་ཡོད་པ་རེད།   འོན་ཀྱང་རྒྱ་ནག་གིས་ཨོ་ལིམ་པིག་གི་རྩེད་འགྲན་ཆེན་མོ་གོ་སྒྲིག་བྱས་ཏེ་རྒྱ་

ནག་གི་ཆབ་སྲིད་ཀྱི་ངོ་བོ་སྤྱི་དམངས་ཀྱི་ཐོབ་ཐང་དང་རང་དབང་སོགས་ཀྱི་གནས་སྟངས་ཐད་ལ་བཟང་ཕྱོགས་ཀྱི་

གྱུར་བ་ཕྱིན་པའི་རྟགས་མཚན་མཐོང་རྒྱུ་དཀོན་པོ་ཡིན་པ་རེད།

རྒྱ་ནག་གིས་ཨོ་ལིམ་པིག་གི་རྩེད་འགྲན་ལམ་ལྷོངས་ལྡན་པའི་ངང་གོ་སྒྲིག་ཞུ་ཐུབ་པ་བྱུང་བ་དེ་ནི་རྒྱ་ནག་གི་སྤྱི་ཚོགས་

དང་དཔལ་འབྱོར་གྱི་གནས་སྟངས་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་རེད་ཅེས་དཔེར་ན་རྒྱ་ནག་གི་རྩེད་མོའི་འཛིན་སྐྱོང་

བློན་ཆེན་གཞོན་པས་བརྗོད་ཡོད་རུང་དོན་དངོས་ཐད་རྒྱ་ནག་གི་རྒྱལ་སའི་ཁོར་ཡུག་འབག་བཙོག་ཅན་དུ་མུ་མཐུད་

གནས་ཡོད་པ་དང་ཨོ་ལིམ་པིག་གི་རྩེད་འགྲན་རྗེས་སུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དཔེ་མི་སྲིད་

པའི་བཟང་དུ་གཏོང་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་དང་ལྡོག་སྟེ་སྤྱི་དམངས་ཀྱི་ཐོབ་ཐང་ཐོག་བཏང་

འཛིན་བྱ་རྒྱུའི་སྲིད་བྱུས་དམ་དུ་བཏང་སྟེ་གཞུང་གི་ལྟ་དཔྱོད་དང་ཐ་དད་ཅན་གྱི་ལངས་ཕྱོགས་བཟུང་མཁན་མང་པོ་

བཙོན་འཇུག་དོ་དམ་བྱས་པ་རེད་ཅེས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་

ལྟ་ཞིབ་ཚོགས་པའི་ཞིབ་འཇུག་མཁན་ཕེ་ལིམ་ཀའེན་ཡིས་དཔྱད་ཞིབ་བྱས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།