རྒྱ་ནག་ཏུ་ཟབ་སྦྱོང༌།
16/04/2009 12:40
བོད་ནང་གི་སློབ་གྲྭའི་སློབ་སྤྱིར་རྒྱ་ནག་ཏུ་ཟབ་སྦྱོང༌།
བོད་ནང་གི་སློབ་གྲྭ་འབྲིང་བའི་སློབ་སྤྱི་མི་གྲངས་བཞི་ཅུ་ཞེ་ལྔ་ཙམ་
ལ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དུ་ཟབ་སྦྱོང་སྤེལ་རྒྱུ་ཡིན་འདུག
༄༅༎བོད་ནང་གི་སློབ་གྲྭ་འབྲིང་བའི་སློབ་སྤྱི་མི་གྲངས་བཞི་ཅུ་ཞེ་ལྔ་ཙམ་ལ་རྒྱ་ནག་གི་གྲོང་ཁྱེར་ཧྲང་
ཧད་དུ་ཟབ་སྦྱོང་སྤེལ་རྒྱུ་ཡིན་འདུག དེ་ཡང་རྒྱ་ནག་བོད་ཅེས་པའི་རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་
ཐོག་གནས་ཚུལ་འཁོད་པར་གཞིགས་ན་བོད་རང་སྐྱོང་ལྗོངས་ཁོངས་སུ་ཡོད་པའི་སློབ་གྲྭ་འབྲིང་བའི་
སློབ་སྤྱི་ཁག་ཅིག་ལ་དུས་ཡུན་ཟླ་བ་གཅིག་རིང་རྒྱ་ནག་གི་ཧྲང་ཧད་གྲོང་ཁྱེར་ནང་ཡོད་པའི་སློབ་གྲྭ་
ཆེན་མོ་ཞིག་ནང་ཟབ་སྦྱོང་སྤེལ་འགོ་ཚུགས་ཡོད་པ་དང་དེ་ནི་བོད་ཀྱི་སློབ་གྲྭ་འབྲིང་བའི་སློབ་སྤྱི་ཚོར་
རྒྱ་ནག་གི་མཐོ་རིམ་སློབ་གྲྭའི་ཤེས་ཡོན་སྡེ་ཚན་གྱི་འོག་ཟབ་སྦྱོང་སྤྲད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་
འཁོད་འདུག ཟབ་སྦྱོང་དེའི་ནང་ཞུགས་མཁན་མང་ཆེ་བ་དར་མ་དང་གཞོན་སྐྱེས་སློབ་སྤྱི་ཚོ་ཡིན་
ཞིང་བོད་ཀྱི་རྒྱལ་ས་ལྷ་ས་དང་མངའ་རིགས།ནག་ཆུ།ཉིང་ཁྲི།ལྷོ་ཁ།གཞིས་ཁ་རྩེ་སོགས་ས་ཁུལ་ཁག་ནང་
གི་སློབ་གྲྭ་འབྲིང་བའི་སློབ་སྤྱི་ཡིན་འདུག ཟབ་སྦྱོང་བྱེད་ཡས་ཀྱི་ནང་དོན་གཙོ་བོ་ནི་བོད་ཀྱི་གནས་
ཚུལ་ལ་གཞི་བཞག་ནས་རྒྱ་ནག་རྒྱལ་ནང་གི་སློབ་གྲྭ་འབྲིང་བ་ཁག་གི་ཉམས་མྱོང་ལེན་ཐབས་དང་དེ་
བཞིན་སློབ་འབྲིང་ཁག་གི་འགན་འཛིན་ཚོའི་བསམ་བློ་ཆུ་ཚད་མཐོ་རུ་གཏོང་ཐབས་སློབ་འབྲིང་སློབ་
ཕྲུག་གི་བསམ་བློ་གཙང་སེལ་གྱི་སློབ་གསོ་སྤྲོད་རྒྱུ་སོགས་ཀྱི་ཐོག་གཙོ་བོར་དམིགས་ནས་ཟབ་སྦྱོང་བྱ་རྒྱུ་
ཡིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་ཚིགས་སུ་ཤུས།
———
Back