རྒྱ་ནག་ལ་འབོད་སྐུལ།

10/09/2009 09:44

རི་དྭགས་སྲོག་ཆགས་སྲུང་སྐྱོབ་མཁན་གྱིས་རྒྱ་ནག་ལ་འབོད་སྐུལ། ཨོ་སི་ཀྲོ་ལི་ཡའི་རི་དྭགས་སྲོག་ཆགས་སྲུང་སྐྱོབ་གནང་མཁན་སི་ཀྲིལྦ་ཨར་ལྦིན་འདས་པོའི་པ་ལགས་ཀྱིས་ཁོང་

གི་ཡུལ་ནང་མ་འོངས་པར་སྲོག་ཆགས་ཀེང་ག་རུའུ་རྩ་སྟོང་འགྲོ་རྒྱུའི་ཉེན་བརྡ་བཏང་གནང་སྟེ་སྲོག་ཆགས་ཀེང་

ག་རུའུ་རྒྱ་ནག་ཏུ་ནང་འདྲེན་འགོ་འཛུགས་བྱ་རྒྱུ་མེད་པའི་འབོད་སྐུལ་གནང་འདུག     བར་ལམ་ཨུ་རུ་སུས་ཨོ་

སི་ཀྲོ་ལི་ཡ་ནས་ཀེང་ག་རུའུ་ཉོ་ཚོང་ཐོག་དམ་བསྒྲགས་བྱས་པའི་རྗེས་ཨོ་སི་ཀྲོ་ལི་ཡའི་ཀེང་ག་རུའུ་ཚོང་ལས་ཁང་

གིས་རྒྱ་ནག་མཉམ་ཚོང་འབྲེལ་བྱ་རྒྱུའི་གྲོས་བསྡུར་བྱེད་བཞིན་ཡོད་པ་ལྟར་སི་ཀྲིལྦ་ཨར་ལྦིན་གྱི་པ་ལགས་སྦོབ་ཨར་

ལྦིན་གྱིས་ང་ཚོས་ཁྱེད་ཚོའི་པེན་ཌ་བཟའ་ཡི་མེད་དུས་ཁྱེད་ཚོས་ཀྱང་ང་ཚོའི་ཀེང་ག་རུའུ་མི་ཟ་བར་ལྟད་མོ་ལྟ་

རུ་ཡོང་དགོས་ཞེས་རྒྱ་ནག་ལ་འབོད་སྐུལ་གནང་བཞག

ཡང་སྦོབ་ལྦར་ལྦིན་གྱིས་ཀེང་ག་རུའུ་སྲོག་ཆགས་དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ལྟད་མོ་ལྟ་རྒྱུའི་ཆེད་དུ་ཡིན་

པ་ལས་སྲོག་ཆགས་དེའི་ཤ་བཟའ་རྒྱུའི་དོན་དུ་མིན་པ་དང་ད་ལྟའི་སྐབས་དེར་ཨོ་སི་ཀྲོ་ལི་ཡའི་ནང་སྲོག་ཆགས་

དེའི་གྲངས་འབོར་ཉུང་དུ་འགྲོ་གི་ཡོད་པའི་སྐོར་གསུངས་ཏེ་དེང་སང་ཨོ་སི་ཀྲོ་ལི་ཡའི་ནང་ཡུལ་སྐོར་སྤྲོ་འཆམ་

བྱེད་མཁན་མང་ཤོས་ཤིག་རྒྱ་མི་རིགས་ཡིན་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཀེང་ག་རུའུ་ལ་དགའ་མོས་ཆེན་

པོ་བྱེད་ཀྱི་ཡོད་སྟབས་རྒྱ་མིས་སྲོག་ཆགས་དེའི་ཤ་བཟའ་ཡག་འགོ་བཙུགས་པ་ཡིན་ན་ལོ་འགའ་ཤས་ཀྱི་ནང་ཨོ་

སི་ཀྲོ་ལི་ཡའི་ནང་སྲོག་ཆགས་ཀེང་ག་རུའུ་རྩ་སྟོང་དུ་འགྲོ་ཉེན་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་གནང་འདུག

ཨོ་སི་ཀྲོ་ལི་ཡའི་ཀེང་ག་རུའུ་ཚོང་ལས་མཐུན་ཚོགས་ཀྱི་འཛིན་སྐྱོང་ལས་བྱེད་ཇོན་ཀེ་ལི་ཡིས་ཟླ་བ་སྔོན་མ་ཕེ་རན་

སི་གསར་ལས་ཁང་ལ་ལོ་ཕྱི་མའི་འགོ་སྟོད་ཟླ་བ་དྲུག་ནང་ཨོ་སི་ཀྲོ་ལི་ཡ་ནས་རྒྱ་ནག་ལ་ཀེང་ག་རུའུ་ཕྱིར་ཚོང་བྱ་

རྒྱུའི་ལས་དོན་འགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།