རྒྱ་རིཌ་ཤིག་ནས་བོད་དོན
10/04/2009 10:56
བོད་ཀྱི་གནད་དོན་ཐོག་རྒྱ་རིཌ་ཤིག་ནས་དྲིལ་བསྒྲཌ་ལས་འགུལ།
རྒྱ་རིགས་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཧེ་རི་ལྦུ་མཆོག་ནས་བོད་ཀྱི་
གནད་དོན་ཐོག་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
༄༅༎རྒྱ་རིགས་ཆབ་སྲིད་བཙོན་ཟུར་ཞིག་ནས་བོད་ཀྱི་གནད་དོན་ཐོག་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་
བཞིན་ཡོད་འདུག འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་བཅའ་བཞུགས་རྒྱ་རིགས་ཆབ་སྲིད་བཙོན་ཟུར་སྐུ་
ཞབས་ཧེ་རི་ལྦུ་མཆོག་གིས་རྒྱལ་སའི་ནང་འགྲེམས་སྟོན་ཞིག་གོ་བསྒྲིགས་གནང་ཡོད་པ་དང་འགྲེམས་
སྟོན་དེའི་ནང་བོད་ནང་རྒྱ་ནག་གཞུང་ནས་གདུག་རྩུབ་བཏང་སྟངས་དང་བོད་མི་ཚོའི་དཀའ་སྡུག་མྱོང་
ཚོར་ཇི་བྱུང་གི་དངོས་ཡོད་གནས་སྟངས་རྣམས་ལྐོག་ཏུ་བརྙན་པར་དང་འདྲ་པར་རྒྱབ་པ་ཁག་ཅིག་བཏོན་
ཡོད་འདུག
ཁོང་གིས་རྒྱ་ནག་དང་ལྷག་པར་དུ་བོད་ནང་གི་བཙོན་ཁང་དེ་དག་ཕྱིའི་ལྟ་ཚུལ་ལ་མཛེས་སྡུག་ལྡན་པ་
ཞིག་བཟོས་ཡོད་ཀྱང་དེའི་ནང་གི་བཙོན་པ་ཚོ་སྡུག་སྦྱོང་ཧ་ཅང་མྱོང་གི་ཡོད་རེད་ཅེས་ལྷ་སའི་ནང་ཡོད་
པའི་གྲྭ་བཞི་བཙོན་ཁང་གི་བརྙན་པར་ལ་གཟིགས་ནས་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་ཁོང་གིས་ཁོང་རང་ཉིད་ཀྱང་དེ་སྔ་རྒྱ་ནག་གུང་བྲན་ཏང་སྲིད་གཞུང་གིས་ལོ་ངོ་
བཅུ་དགུའི་རིང་བཙོན་བཅུག་དང་ངལ་རྩོལ་བསྒྱུར་བཀོད་རཱ་བའི་ནང་སྡུག་སྦྱོང་ཚད་མེད་མྱང་བའི་
གནས་ཚུལ་རྣམས་ངོ་སྤྲོད་གནང་འདུག ལྷག་པར་དུ་ཁོང་གིས་བོད་ནི་རྒྱ་མི་རིགས་དང་ཆོས་དང་
རིག་གཞུང་གོམས་སྲོལ་བཅས་པ་ཐ་དད་ཀྱི་མི་རིགས་ཤིག་ཡིན་པས་མ་ཟད་དེ་སྔ་སོ་སོ་རང་ཉིད་ཀྱི་
ཆ་ཚང་འཛིན་སྐྱོང་བྱས་པའི་རྒྱལ་ཁབ་ལོགས་སུ་ཡིན་སྟབས་མ་འོངས་པར་ཡང་རང་བཙན་གཙང་
མའི་རྒྱལ་ཁབ་ཅིག་ཡོང་ཐབས་བྱེད་དགོས་ཀྱི་རེད་ཅེས་གསུངས་ནས་གང་ལྟར་བོད་མི་རིགས་ཚོས་
རྒྱ་ནག་གུང་བྲན་སྲིད་གཞུང་འོག་མྱང་དང་མྱོང་བཞིན་པའི་གནས་སྟངས་དངོས་ཡོད་རྣམས་ཕྱི་
ཕྱོགས་སུ་དྲིལ་བསྒྲགས་སྤེལ་རྒྱུར་ལས་འགུལ་བརྩམས་བཞིན་ཡོད་འདུག ཁོང་ལ་རྒྱ་མི་རིགས་ཁག་ཅིག་གིས་རྒྱལ་ཚོང་པ་རེད་ཅེས་སྐྱོན་བརྗོད་བྱེད་མཁན་ཡོད་རེད། ཡིན་
ནའང་ཁོང་རང་ཉིད་ཀྱི་ངོས་ནས་རྒྱ་ནག་གུང་བྲན་ཏང་གི་སྲིད་གཞུང་ལ་ངོ་རྒོལ་མཐའ་ཅིག་
ཏུ་བྱེད་མཁན་ཞིག་ཡིན་ལ་དེ་དག་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་ཚིགས་སུ་ཤུས།
———
Back