རྒྱལ་རབས་སྙིང་བསྡུས། ༤༽

02/03/2009 10:05

བོད་དོན་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ལྟ་སྟངས།

༈ རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པས་བོད་དོན་སྐོར་བརྟག་ཞིབ་ནན་ཏན་གནང་རྗེས་སྙན་སེང་

ཕུལ་བའི་ནང་ International Commissionof Jurist’s Report ཕྱི་ལོ་ ༡༩༡༢ ནས་

༡༩༥༠ བར་བོད་ནང་རྒྱ་མིའི་ཁྲིམས་ཡིག་དང༌། ཁྲིམས་དཔོན། དམག་མི་དང་བསྐོར་བྱ་བ།

ཚགས་ཤོག གཞུང་ཚབ་བཅས་རྩ་བ་ནས་མེད་པར་བརྟེན་བོད་རང་བཙན་གཙང་མ་རེད་

ཅེས་འཁོད་འདུག དེ་ལྟར་ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་གནས ་སྟངས་ལ་སྔར་ཕན་བློ་

གཡེང་བྱེད་དགོས་པ་བྱུང་མེད། དེ་བཞིན་ ༡༩༥༩ ལོར་རྒྱལ་སྤྱིའི་ཁྲིམས་དོན་མཁས་པས་

སླར་ཡང་བོད་དོན་དང་ཁྲིམས་ལུགས་ The Question of Tibet & The Rule of

Law ཞེས་པའི་སྙན་ཐོ་དང༌། ༡༩༦༠ ལོར་བོད་དང་རྒྱ་ནག་མི༡༠དམངས་སྤྱི་མཐུན་རྒྱལ་

ཁབ་ Tibet & the Chinese People’s Republic ཅེས་པའི་བརྙན་དེབ་མཉམ་སྦྲེལ་

རྒྱལ་ཚོགས་སུ་ཕུལ་ཡོད་པས་སོ་སོར་བོད་དེ་བཞིན་ ༡༩༥༡ ལོར་བོད་དང་རྒྱ་ནག་དབར་

གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་གོང་བོད་ནི་དངོས་དོན་རང་བཙན་རྒྱལ་ཁབ་

ཅིག་ཡིན་པ་དང༌། ༡༩༥༩ ལོར་བོད་གཞུང་ནས་ཆིངས་ཡིག་འདི་ངོས་ལེན་མ་གནང་བ་

དེ་ཁྲིམས་ལུགས་དང་མཐུན་པ་ཞིག་རེད་ཅེས་འཁོད་ཡོད།

 མཉམ་སྦྲེལ་རྒྱལ་ཚོགས་ནས་བོད་དོན་བགྲོ་གླེང་གིས་གྲོས་

                  ཆོད་བཞག་པ།

 

 ༈ ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གཞུང་གི་དམག་དཔུང་ནས་བོད་ལ་བཙན་འཛུལ་བྱེད་

འགོ་ཚུགས་མ་ཐག་བོད་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ལ་རྒྱ་ནག་གི་བཙན་འཛུལ་

འགོག་ཐབས་སུ་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད། སྐབས་དེར་རྒྱལ་ཚོགས་ཚོགས་

ཆེན་ཐོག་དབྱིན་ཇི་དང༌། རྒྱ་གར་གྱི་སྐུ་ཚབ་ནས་བོད་ནང་རྒྱ་ནག་གི་བཙན་འཛུལ་ཤུགས་

ཆེ་རུ་འགྲོ་གཞིར་བརྟེན་ལག་ལེན་གང་ཡང་མ་གནང་ན་ལེགས་ཚུལ་གྱི་བསམ་ཚུལ་བཏོན་

ཡོད་པ་རེད། རྒྱལ་ཚོགས་ཀྱི་ཚོགས་མི་མང་ཆེ་བས་རྒྱ་ནག་གཞུང་གིས་བོད་ལ་དམག་

མི་བཏང་བ་དེ་བཙན་འཛུལ་གྱི་བྱ་བ་ཞིག་ཡིན་པའི་ལྟ་ཚུལ་འཛིན་ཡོད། དེའི་སྐོར་

༡༩༥༩ དང༌། ༡༩༦༡། ༡༩༦༥ བཅས་སོ་སོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་

ཐོག་བོད་དོན་གྲོས་ཆོད་བཞག་ཡོད་པ་ནས་གསལ་པོ་ཆགས་ཡོད། ཚོགས་ཆེན་ནང་

ཕི་ལི་པིན་གཞུང་གི་སྐུ་ཚབ་ནས། བོད་དེ་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་

ཅིག་དང༌། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་བོད་བཙན་བཟུང་བྱེད་སྐབས་བོད་

དེ་ཕྱིའི་རྒྱལ་ཁབ་སུ་གང་གི་མངའ་འོག་ཏུ་མེད་ཅེས་དང༌། རྒྱ་ནག་གིས་བོད་བཙན་

བཟུང་བྱས་པ་ནི་རྒྱ་བསྐྱེད་རིང་ལུགས་དང༌། མི་སེར་སྤེལ་བའི་རིང་ལུགས་བྱུང་དང་

འབྱུང་བཞིན་པའི་ནང་ནས་སྡུག་ཤོས་ཀྱི་དཔེ་མཚོནཞིག་རེད་ཅེས་གསུངས་པ་དང༌།

དེ་དང་ཕྱོགས་མཚུངས་པ་ཨེལ་སལ་ཝ་ཌོ་དང༌། མ་ལེ་ཤི་ཡ་སོགས་རྒྱལ་ཁབ་མང་

པོའི་སྐུ་ཚབ་ནས་གསུངབཤད་གནང་ཡོད། ནི་ཀ་ར་གྷུ་བའི་སྐུ་ཚབ་ནས་གསུང་

བཤད་གནང་སྐབས། རྒྱ་གཞུང་ནས་བོད་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་

དང་འབྲེལ། ཨ་མེ་རི་ཀའི་གླིང་ཆེན་ནང་རང་དབང་ ངང་འཚར་ལོངས་བྱུང་

བའི་མི་ཚོ་བཙན་འཛུལ་དང༌། ལྷག་དོན་རྒྱལ་ཁབ་ཆེ་བས་ཆུང་བར་བཙན་

འཛུལ་བྱེད་པའི་བྱ་སྤྱོད་དེ་ལ་ཞེན་པ་ལོག་ནས་ཡོད་ཅེས་གསུངས་པ་དང༌།

ཐེ་ལན་ཌའི་སྐུ་ཚབ་ནས། རྒྱལ་ཁབ་མང་ཆེ་བས་བོད་རྒྱ་ཁོངས་ཡིན་པར་ཁས་ལེན་

བྱེད་ཀྱི་མེད་ཅེས་གསུངས། ཨ་རིའི་གཞུང་ནས་རྒྱ་མིས་བོད་ལ་བཙན་འཛུལ་བྱས་པར་

སྐྱོན་བརྗོད་བྱས་པ་དང༌། ཨ་ཡེར་ལན་ཌའིསྐུ་ཚབ་ནས། བོད་ནི་ལོ་སྟོང་ཕྲག་གཅིག་གམ། ཡང་ན་གཉིས་ཀྱི་དུས་ཡུན་རིང་ཚོགས་ཆེན་འདིའི་ནང་གི་རྒྱལ་ཁབ་ཚོ་དང་འདྲ་བར་

རང་དབང་དང༌། རང་སྲིད་རང་སྐྱོང་གི་དབང་ཆ་ཆ་ཚང་ལྡན་པའམ། ཡང་ན་ཚོགས་

ཆེན་འདིའི་ནང་གི་རྒྱལ་ཁབ་མང་པོ་ལས་རང་སྲིད་རང་སྐྱོང་གི་དབང་ཆ་ལྡབ་སྟོང་

ཕྲག་གིས་ལྷག་པ་ཡོད་པ་ཞིག་རེད་ཅེས་གསུངས་ཡོད། གྲོས་ཆོད་ཁག་ཤོག་གྲངས་

༡༨ ལ་བཀོད་ཡོད།དེ་ལྟར་ན་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ས་བཙན་འཛུལ་

མ་བྱས་གོང་འཛམ་གླིང་རང་བཙན་རྒྱལ་ཁབ་སོ་སོར་ཐུན་མོང་མ་ཡིན་པའི་རྒྱལ་

དར་དང༌། རྒྱལ་དངུལ། རྒྱལ་གླུ་རེ་ཡོད་པ་ལྟར་བོད་འདི་ཡང་རང་བཙན་རྒྱལ་ཁབ་

བསྙོན་མེད་ཅིག་ཡིན་སྟབས་སྤྱི་འདྲའི་རྒྱལ་དར་དང་རྒྱལ་གླུ་ཡོད་པ་འདིས་ཀྱང་

བོད་རྒྱ་ཁོངས་མིན་པའི་རྟགས་མཚན་ངོས་འཛིན་གསལ་བར་ཐུབ། གཞནཡང་

སྦྲག་འཛིན་ཊི་སི་དང༌།  དཔྱ་ཁྲལ་བསྡུ་ཕྱོགས་སོགས་རང་བཙན་རྒྱལ་ཁབ་གཞན་

དང་འདྲ་མཚུངས་ཀྱི་ཁེ་དབང་བཀོད་བྱུས་ཇི་ཡོད་རྒྱལ་ཁབ་རང་ནས་ཆ་ཚད་ལྡན་

པ་ཡོངས་སུ་སྤྱད་དང་སྤྱོད་བཞིན་པ་ལས་རྒྱ་ནག་གཞུང་ལ་དྲི་གཏུགས་གང་ཡང་

མི་དགོས། བོད་གཞུང་གིས་ལས་ཁུངས་ཆེ་ཕྲའི་ལས་དོན་དང༌། བཀའ་རྒྱ། དྲིལ་

བསྒྲགས་ཡིག་འགྲུལ་སོགས་རང་གི་སྐད་དང་ཡི་གེ་ཁོ་ན་བེད་སྤྱོད་བྱེད་པ་ལས་རྒྱ་

ཡིག་བོད་ནང་དར་སོ་དང༌། བེད་སྤྱོད་གཏན་ནས་བྱེད་མ་མྱོང་བ་བཅས། མདོར་

ན་རང་རེ་བོད་ནི་མི་རིགས་ཀྱི་བྱུང་བ་དང༌། རྒྱལ་ཁབ་ཀྱི་ལོ་རྒྱུས། ཁྲིམས་ལུགས་ཀྱི་

གཞི་རྩ་སོགས་ཕྱོགས་གང་ཐད་ནས་རྒྱ་ནག་དང་ཐ་དད་པའི་རང་བཙན་གཙང་

མའི་རྒྱལ་ཁབ་ཅིག་ཡིན་པ་ ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པ་ཡིན་ནོ།། །།

            གལ་ཆེའི་ཟུར་སྣོན་ཡིག་ཆ། ༡

 ཕྱི་ལོ་ ༡༩༠༤ ཟླ་ ༩ ཚེས་ ༧ ཉིན་ལྷ་སར་རྒྱ་གར་དབྱིན་ཇིའི་གཞུང་དང༌།

          བོད་གཞུང་དབར་བཞག་པའི་ཆིངས་ཡིག

༄༅། །སྔོན་ལྕགས་སྟག་ལོ་ནང་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པའི་དོན་འབྲས་ཆ་གནས་

མིན་དང༌། ཆུ་སྦྲུལ་ལོ་ནང་ཚོང་གི་འགྲོ་ལུགས་སྐོར་ཆིངས་ཡིག་ལ། བོད་གཞུང་ཕྱོགས་ནས་ཆིངས་

ཡིག་འདི་དག་རྣམས་ལ་བརྩི་འཇོག་མེད་པས་ཐེ་ཚོམ་དང་དཀའ་ལས་སོགས་བྱུང་རྐྱེན་གྱིས་ཕྱི་བོད་

གཉིས་ཀྱི་སྔར་ཡོད་གྲོགས་ལམ་མཐུན་ཞིབ་སོགས་ལ་ཟིང་འཁྲུག་བྱུང་གཤིས་གོང་གསལ་ཐེ་ཚོམ་

དང་དཀའ་ལས་རྣམས་ཐག་གཅོད་དང་མཐུན་ཞིབ་ལེགས་ལམ་ཡོང་ཕྱིར། ཕྱིན་ཆད་གོང་གསལ་

ཕྱི་བོད་གཉིས་ནས་ཆིངས་འདུམ་ཞིག་བཞག་རྒྱུར་མཐུན་ལམ་བྱུང་ནས་གཤམ་གསལ་དོན་ཚན་

འཁོད་པ་རྣམས་ལ་ཕྱི་གླིང་གོང་མ་ཆེན་མོ་དང༌། དེ་གའི་གཞུང་ནས་དབང་ཆ་སྒང་པོ་སྤྲད་པའི་

ཀ་ནལ་ཡང་ཧ་སེ་འབེན་ནས་མཐུན་འགྲིགས་ཆ་གནས་ཞུས་ཡོད་པ་དང༌། དེ་ལུགས་བཞིན་དགའ་

ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་གྱིས་བཀའ་ཤག གདན་ས་སེ་འབྲས་དགའ་གསུམ་དང༌། གཞུང་ཞབས་ཚོགས་འདུ་སེར་སྐྱ་མི་མང་ནས་བོད་གཞུང་གི་ཆེད་དུ་མཐུན་འགྲིགས་ཆ་གནས་ཞུས་པར།

 དོན་ཚན་དང་པོར།

བོད་གཞུང་ནས་ཁས་ལེན་བྱས་པར་སྔོན་ལྕགས་སྟག་ལོ་ནང་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པ་དེ་

ལ་བརྩི་འཇོག་གི་བོད་འབྲས་གཉིས་ཀྱི་ས་མཚམས་གོང་གསལ་ཆིངས་ཡིག་གི་དོན་ཚན་དང་པོའི་ནང་

གསལ་བཞིན་ཆ་གནས་ཐོག་ས་མཚམས་ཐོ་པོ་དེ་དོན་ལྟར་བརྩིག་རྒྱུ་དང༌།

 དོན་ཚན་གཉིས་པར།

བོད་གཞུང་ནས་ཁས་ལེན་བྱས་པའི་རྒྱལ་རྩེ། སྟོད་སྒར། སྣ་གདོང་གསུམ་དུ་ཚོང་ར་འཕྲལ་དུ་འཛུགས་

རྒྱུ་དང༌། བོད་ཕྱི་གཉིས་ཀྱི་མངའ་ཞབས་ཚོང་མི་རྣམས་རང་འདོད་ལྟར་ཚོང་རར་བསྐྱོད་ཆོག་རྒྱུ། སྣ་གདོང་དུ་ཚོང་འགྲུལ་སྐོར་ཆུ་སྦྲུལ་ལོ་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པར་ཧེ་བགས་ཡོད་ཕྱིན་

སླད་ཕྱི་བོད་གཉིས་འདོད་མཐུན་བསྐྱར་བཅོས་བྱ་དགོས་རིགས་ཀྱང་གོང་གསལ་ཚོང་ར་རྣམས་ཀྱི་

འགྲོ་ལུགས་ནང་འཁུལ་འཇུག་རྒྱུ་བྱས་ཡོད་པ་དང༌། གོང་གསལ་ཚོང་ར་རྣམས་ཚུགས་པ་མ་ཟད། བོད་གཞུང་ནས་སྔར་ཡོད་ཀྱི་ཚོང་ལམ་རྣམས་བཀག་བསྐྱིལ་མེད་པར་ཚོང་ཡར་སྐྱེད་བྱུང་ཚེ་ཚོང་ར་

གསར་འཛུགས་བྱ་དགོས་ལའང་འགྲོ་ལུགས་གོང་བཞིན་དགོངས་པ་ཆེ་བཞེས་མཛད་རྒྱུ་ཁས་ལེན་བྱས།

དོན་ཚན་གསུམ་པར།

ཆུ་སྦྲུལ་ལོ་ནང་རྒྱ་ཕྱི་གཉིས་ནས་བཟོས་པའི་ཚོང་གི་འགྲོ་ལུགས་སྐོར་བསམ་ཞིབ་ཀྱི་བསྐྱར་བཅོས་བྱ་

རྒྱུ་ཟུར་དུ་བཞག་གཤིས། རྗེས་སུ་ཞིབ་ཆ་བྱ་དགོས་ལ་བོད་ཕྱོགས་སྐུ་ཚབ་དབང་ཆ་ཡོད་པ་བསྐོས་ཏེ་

ཕྱི་གཞུང་སྐུ་ཚབ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་ཁས་ལེན་བྱས།

དོན་ཚན་བཞི་པར།

ཤོ་ཁྲལ་དེ་བཞིན་ཕྱི་བོད་བཀའ་མོལ་འདོད་མཐུན་གྱིས་བཟོས་པའི་དེབ་གསལ་ལྷག་བོད་གཞུང་

ནས་གཞན་དག་གང་ས་ནས་བསྡུ་ལེན་མི་བྱེད་པའི་ཁས་ལེན་བྱས།

དོན་ཚན་ལྔ་པ།

ས་མཚམས་ནས། རྒྱལ་རྩེ་ཚོང་ར་བར་དང༌། ཡང་སྟོད་ཀྱི་ས་མཚམས་ནས་སྟོད་སྒར་ཚོང་ར་བར་

གྱི་ལམ་བཀག་བསྐྱིལ་སྤུ་ཙམ་མེད་པར་བཞག་ཁར། ཚོང་དང་བསྟུན་པའི་ལམ་བཅོས་ཀྱང་བྱ་

དགོས་ཤིང༌། བོད་ཕྱོགས་ནས་སྣ་གདོང༌། རྒྱལ་རྩེ། སྟོད་སྒར་དང་རྗེས་སུ་དོན་ཚན་གཉིས་པ་

ནང་གསལ་ཚོང་ར་གཞན་དག་ཚུགས་ཕྱིན་སྐུ་ཚབ་ཅིག བཞག་པའི་ཕྱི་གཞུང་སྐུ་ཚབ་གོང་

གསལ་ཚོང་ར་རྣམས་ལ་ཕྱི་གཞུང་ལྟ་རྟོགས་བྱ་མི་ནས་བོད་གཞུང་དང༌། རྒྱ་ནག་སྐུ་ཚབ་བཅས་

ལ་ཕུལ་དགོས་པའི་ཡི་གེ་ཇི་འབྱོར་ལེན་རྒྱུ་བྱས་ཡོད་པ་དང༌། བོད་ཕྱོགས་སྐུ་ཚབ་འདི་པས་དེ་

འདྲའི་ཡིག་རིགས་ངེས་འཕྲོད་ལེན་སོགས་འཁུར་ཡོང་བའི་ཁས་ལེན་བྱས་ཡོད་པ་དང༌།

 དོན་ཚན་དྲུག་པ།

ཆིངས་ཡིག་བཞག་པར་སོར་གནས་མ་བགྱིས་པར་དེ་དག་གཏན་གཏན་བཟོ་ཕྱིར་ཕྱི་གཞུང་

དཔུང་དམག་ལྷ་སར་ཡོང་དགོས་བྱུང་སྐབས། བརྩི་འཇོག་མེད་པར་ཕྱི་གཞུང་སྤྱི་ཁྱབ་ངོ་གཡོག་

དང༌། དེ་གའི་སྐུ་སྲུང་པར་འཛིངས་པར་བརྟེན། དམག་ལས་འགྲོ་སོང་གསེར་ཊམ་འབུམ་ལྔ་ཕྱི་

སྒོར་དུ་བརྩིས་པའི་སྒོར་མོ་འབུམ་བདུན་ཅུ་དོན་ལྔ་བོད་གཞུང་གིས་ཕྱི་གཞུང་ལ་ཕྱིར་འབུལ་

ཞུ་རྒྱུའི་ཁས་ལེན་བྱས་ཡོད་པ་དང༌། འགྲོ་སོང་དེ་བཞིན་ཤིང་སྦྲུལ་ཟླ་ ༡༡ ཚེས་ཕྱི་ལུགས་ཟླ་

དང་པོ། འདས་ལོ་ ༡༩༠༦ ནས་འགོ་ཚུགས་པའི་ལོ་ལྟར་ཕྱི་ལུགས་ཟླ་དང་པོའི་ཚེས་ ༡ ལ་ལོ་

ངོ་བདུན་ཅུ་དོན་ལྔའི་ནང་ཚུན་ལོ་རེ་ཕྱི་སྒོར་འབུམ་རེ་བྱས་བོད་ནང་རུང༌། ཕྱི་གླིང་ས་ཆ་

རྡོར་གླིང་ངམ། μྣལ་སྤེ་གུ་རི་གང་འོས་སར་ཕྱི་གཞུང་ནས་སྐབས་སྐབས་སུ་གསལ་བྱ་སྔོན་རྩལ་

ཐོག་བོད་གཞུང་ནས་སྤྲོད་རྒྱུ་བྱས་ཡོད་པ་དང༌།

དོན་ཚན་བདུན་པར།

གོང་གསལ་འགྲོ་སོང་ཕྱིར་སློག་བྱ་ཕྱིར་དང༌། ཚོང་རའི་འགྲོ་ལུགས་དོན་ཚན་གཉིས་པ། གསུམ་པ།

བཞི་པ། ལྔ་པའི་ནང་གསལ་བཞིན་སྒྲུབ་ཕྱིར་འགྲོ་སོང་ཕྱིར་སློག་མ་ཟིན་བར་དང༌། ཚོང་ར་བརྟན་

བརྟན་ལོ་གསུམ་མ་ཚུགས་བར་དེ་གཉིས་ནས་རྗེས་སུ་གང་ལུས་དང་བསྟུན་པའི་ཆུ་འབི་ལུང་པའི་

ཆུ་འགོ་ཐུབ་ཀྱི་ས་ཆ་ཕྱི་གཞུང་ནས་བདག་འཛིན་བྱེད་རྒྱུ་བྱས་ཡོད་པ་དང༌།

དོན་ཚན་བརྒྱད་པ།

བོད་གཞུང་ནས་མེ་མདའ་རྒྱག་ས་གསར་བཟོས་དང༌། འཛིངས་ར་རྩ་བཤིག་གཏོང་རྒྱུ་དང༌། ཕྱི་གཞུང་

ས་མཚམས་ནས། རྒྱལ་རྩེ་ལྷ་ས་བར་སྤྱི་ལམ་བཀག་བྱར་དམག་མི་ཡོད་ཚེ་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས།

དོན་ཚན་དགུ་པར།

བོད་གཞུང་ནས་ཁས་ལེན་བྱས་པར་ཕྱི་གཞུང་དང༌། བཀའ་བསྟུན་མེད་པར་བོད་ཕྱོགས་ས་ཆ་ཕྲན་

བུ་ཙམ་ཡང་རྒྱལ་ཁབ་གཞན་དག་ལ་སྟེར་བྱིན། ཚོང་བསྒྱུར། བོགས་གཏོང༌། གཏེ་བཞག་དང༌། གཞན་ཡང་བདག་འཛིན་སོགས་བྱེད་དུ་མི་བཅུག་པ་དང༌། བོད་ཕྱོགས་ལས་དོན་གང་སར་རྒྱལ་

ཁབ་གཞན་དག་བར་དུ་འཇུག་རྒྱུ་མེད་པ་དང༌། རྒྱལ་ཁབ་གཞན་དག་གི་སྐུ་ཚབ་ཁས་ལེན་གྱིས་

བོད་ནངབཞག་རྒྱུ་མེད་པ་དང༌། རྒྱལ་ཁབ་གཞན་དག་དང་དེ་གའི་མངའ་ཞབས་ཀྱི་ཆབ་འབངས་

རྣམས་ལ་རེལ་འཁོར་ལོའི་ལམ། འགྲོ་ལམ། ལྕགསསྐུད། ས་གཏེར་འདོན་བྱེད་སོགས་དང༌། དབང་ཆའི་རིགས་གང་ཡང་སྤྲད་མི་ཆོག་པས་དེ་ལྟར་སྤྲོད་བྱིན་བྱེད་ཚེ་དེ་ནང་བཞིན་གྱི་ཕྱི་གཞུང་

ལའང་སྤྲོད་དགོས་ཡོང་བ་དང༌། བོད་ཕྱོགས་ཁྲལ་འབབ་འབྲུ་དངུལ་གང་ཐད། རྒྱལ་ཁབ་གཞན་

དག་དང༌། དེ་གའི་ཆབ་འབངས་རྣམས་ལ་གཏེ་བཞག་དང་སྟེར་བྱིན་སོགས་བྱས་མི་ཆོག་པ་དང༌།

དོན་ཚན་བཅུ་པ།

ཆིངས་ཡིག་འདི་ལ་སོར་གནས་ཡོང་བའི་དཔང་པོར་བཀའ་མོལ་མཛད་མི་དོ་བདག་ཕན་ཚུན་

གཉིས་ཕྱོགས་ནས་ལག་རྟགས་དང༌། ཐེའུ་འབྱས་བཅས། ཡུལ་ལྷ་ས་རུ་ཕྱི་ལུགས་ཟླ་ ༩ སེབ་ཀྲེམ་

འབར་ཚེས་ ༧ འདས་ལོ་ཆིག་སྟོང་དགུ་བརྒྱ་དང་བཞི། བོད་ལུགས་ཤིང་འབྲུག་ཟླ་ ༧ཚེས་ ༢༧

ཚེས་ལ་འདྲ་ལྔ་བཀོད་པའི་རྟགས།།

 

 ཕྱི་ལོ་ ༡༩༠༤ ཟླ་ ༩ ཚེས་ ༧ ཉིན་གཏན་འབེབས་བྱས་པའི་ཆིངས་

ཡིག་ཁ་བསྐོང་དུ།  ༡༩༠༤ ཟླ་ ༡༡ ཚེས་ ༡༡ ཉིན་རྒྱ་གར་དབྱིན་ཇིའི་

རྒྱལ་ཚབ་དང༌། སྤྱི་ཁྱབ་སྲིད་སྐྱོང་གཅིག་ལྕོག་གིས་མིང་རྟགས་བཀོད་

                         པའི་གསལ་བསྒྲགས།

 

 དབྱིན་ཇིའི་གོང་མ་ཆེན་པོའི་གཞུང་གི་ཚབ་བྱས་ཏེ།བོད་ཀྱི་ས་མཚམས་དང་འབྲེལ་བའི་

གནད་དོན་སྐོར་དབྱིན་ཇིའི་དོན་གཅོད་པ་ཀ་ནལ་ཡང་ཧ་སེ་འབེན། སི། ཨཡི། ཨའི་ཅན་

དང༌། བོད་གཞུང་གི་ཚབ་བྱས་ཏེ་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་དང༌། བཀའ་ཤག

གདན་ས་སེ་འབྲས་དགའ་གསུམ། རྒྱལ་ཡོངས་ཚོགས་འདུ། དྲུང་རིགས་སེར་སྐྱའི་སྐུ་ཚབ་བཅས་

ཀྱི་དབར་ཕྱི་ལོ་ ༡༩༠༤ ཟླ་ ༩ ཚེས་ ༧ ཉིན་ལྷ་སར་བཞག་པའི་ཆིངས་ཡིག་ལ། རྒྱ་གར་དབྱིན་

ཇིའི་རྒྱལ་ཚབ་དང༌། རྒྱ་གར་གྱི་སྤྱི་ཁྱབ་ཆེན་པོས་ངོས་ལེན་གཏན་འབེབས་གནང་ཐོག དགའ་

པོའི་ངང་ཐུགས་རྗེ་གཟིགས་བསྐྱངས་ཀྱི་བཀོད་ཁྱབ་གནང་རྒྱུར། གོང་གསལ་ཆིངས་ཡིག་དོན་

ཚན་༦ ནང་གསལ་དབྱིན་གཞུང་ནས་ལྷ་ས་བར་དམག་མི་བཏང་བའི་འགྲོ་སོང་ཆེད་དམག་

དོན་གུན་གསབ་ཏུ་བོད་གཞུང་ནས་སྒོར་འབུམ་བདུན་ཅུ་དོན་ལྔ་སྤྲོད་རྒྱུ་ཁས་ལེན་བྱས་པ་དེ་

སྒོར་འབུམ་ཉི་ཤུ་རྩ་ལྔ་བར་བཅོག་ཆ་གནང་བ་ཡིན། དོན་ཚན་འདིའི་ནངགསལ་གྱི་དམག་

དོན་གུན་གསབ་ལོ་གསུམ་རིང་ལོ་རེའི་འབབ་ཐོབ་ཆ་ཚང་ཕུལ་ཟིན་མཚམས་ཆུ་བི་ཐང་དབྱིན་

ཇིས་དབང་བསྒྱུར་ཕྱིར་འཐེན་བྱ་རྒྱུ། འོན་ཀྱང་ཆིངས་ཡིག་དོན་ཚན་ ༢ པའི་ནང་གསེས་

ཚོང་ར་རྣམས་ཆིངས་ཡིག་གི་དོན་གནད་གཞན་ཁག་གི་སྐོར་ལ་བོད་མི་ཚོས་སྒོ་གང་ས་ནས་

ལག་ལེན་ཚུལ་བཞིན་བསྟར་དགོས་རྒྱུ་བཅས།

                                                                         ༼མིང་རྟགས།༽ ཨམ་ཧིལ།

                                         རྒྱ་གར་དབྱིན་ཇིའི་རྒྱལ་ཚབ་དང༌། སྲིད་སྐྱོང་གཅིག་ལྕོག །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།