རྒྱུ་གཞུང་གི་འཇུ་བཟུང༌།

16/04/2009 12:32

རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་པ་འཇུ་བཟུང༌།

རྒྱ་ནག་ནང་ཚོར་བ་རྣོ་བའི་དུས་ཚིགས་སྐབས་སུ་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་

        མི་མཐུན་མཁན་ཚོ་འཇུ་བཟུང་བཀག་ཉར་བྱེད་ཀྱི་ཡོད་འདུག

༄༅༎རྒྱ་ནག་ནང་ཚོར་བ་རྣོ་བའི་དུས་ཚིགས་སྐབས་སུ་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་

མཐུན་མཁན་ཚོ་འཇུ་བཟུང་བཀག་ཉར་བྱེད་ཀྱི་ཡོད་འདུག

རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ལྦུའུ་ཡའོ་པང་འདས་གྲོངས་སུ་ཕེབས་ནས་ལོ་ངོ་ཉི་

ཤུ་འཁོར་བའི་དུས་དྲན་གྱི་སྔ་ནུབ་ཏུ་རྒྱ་ ནག་གཞུང་གིས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་

མཐུན་མཁན་ཁག་ཅིག་འཇུ་བཟུང་བཀག་ཉར་བྱས་ཡོད་ཅིང་རང་ལོ་ལྔ་ཅུ་ང་གཉིས་ལ་ཕེབས་པ་ལོ་

ངོ་ཉི་ཤུའི་གོང་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་

རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་སྐབས་མེ་མདའ་ཕོག་ནས་རྐང་མ་ཡ་གཅིག་མེད་པར་གྱུར་

བའི་དམངས་གཙོ་དོན་གཉེར་བ་ཆིའི་ཀྲེས་ཡུང་ཕྱི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོ་ཕྲུ་གུ་སློབ་གྲྭར་སྐྱེལ་བའི་

ལམ་བར་དུ་རྒྱ་ནག་བདེ་འཇགས་སྲུང་སྐྱོབས་མི་སྣས་བཙན་དབང་ཐོག་མོ་ཊའི་ནང་བཅུགས་ནས་

ཁྲིད་པའི་སྐོར་ཁོང་གིས་ཁ་པར་ཐོག་ནས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་ཡི་གེ་བཏང་ཡོད་

པའི་ནང་འཁོད་ཡོད་པ་རེད། ཡིན་ན་ཡང་པེ་ཅིང་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པས་ཕེ་རན་

སི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པའི་འདྲི་བར་ལན་འདེབས་བྱེད་པའི་སྐབས་གནས་

ཚུལ་དེ་རིགས་ཤེས་རྟོགས་གང་ཡང་མེད་པ་དང་འབྲེལ་ཡོད་ལས་ཁང་ཁག་དང་འབྲེལ་བ་བྱས་

ནས་གནས་ཚུལ་ར་འཕྲོད་ཡོང་ཐབས་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། དེ་མིན་རྒྱ་ནག་ཅང་སུའུ་ནང་ཡོད་པའི་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་

ཅང་ཆིའི་ཡང་རྒྱ་ནག་ཉེན་རྟོག་པའི་དམ་བསྒྲགས་འོག་གནས་མུས་ཡིན་པ་དང་དེ་མིན་གྱི་དམངས་

གཙོ་དོན་གཉེར་ཅན་མང་པོ་ཞིག་ཡང་རྒྱ་ནག་ཉེན་རྟོག་པའི་དམ་བསྒྲགས་འོག་གནས་ཡོད་པའི་

ཁར་རྒྱ་ནག་ཉེན་རྟོག་པས་ཁོང་ཚོར་གང་བྱུང་བསྐྱོད་མི་ཆོག་པ་དང་མི་གཞན་དང་འབྲེལ་བ་བྱེད་

མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་སྐོར་ཧོང་ཀོང་ནང་རྟེན་གཞི་བྱས་པའི་དམངས་གཙོ་

འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ལྔ་སུང་ལི་གིས་འགྲེལ་བརྗོད་གནང་བཞག།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་ཚིགས་སུ་ཤུས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།