ལངས་ཐུབ་མེད།

16/08/2009 08:32

ང་ཚོ་བོད་རིཌ་བཞིན་འཛམ་གླིང་ནང་ལངས་ཐུབ་མེད།

ཤིན་ཅང་གི་རང་དབང་འཐབ་རྩོད་པ་ལྕམ་རཱེ་བྷི་ཡ་ཁེ་ཌར་མཆོག་གིས། བོད་དང་ཤིན་ཅང་གཉིས་ཀྱིས་གཞུང་གཅིག་

གི་འོག་ཏུ་དཀའ་ངལ་མྱོང་བཞིན་ཡོད་ལ།       ཤིན་ཅང་གི་གནས་སྟངས་བོད་ནང་གི་བོད་མི་ཚོའི་གནས་སྟངས་དང་

གཅིག་མཚུངས་ཡིན་རུང། ང་ཚོའི་རང་དབང་འཐབ་རྩོད་ཀྱི་འབོད་སྒྲ་དེ།   བོད་རིགས་སྤུན་ཟླ་བཞིན་འཛམ་གླིང་ནང་

ཁྱབ་ཐུབ་མེད་ཅེས་གསུངས་ཡོད་པ་རེད།


ཟླ་འདིའི་ཚེས་༡༡ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོཌ་

གཙོ་ལྕམ་རཱེ་བྷ་ཡ་ཁེ་ཌར་མཆོག་གིས། ཨོ་སི་ཁྲི་ལི་ཡ་རྒྱལ་ཁབ་ཀྱི་གསར་འགོད་མཐུན་ཚོགས་ལ་ད་ལྟའི་ཤིན་ཅང་

ནང་དུ་མི་མང་གི་དཀའ་ངལ་དེ་བོད་ནང་གི་བོད་མི་ཚོའི་དཀའ་ངལ་དང་གཅིག་མཚུངས་ཡིན་སྐོར་གྱི་གསུང་བཤད་

གནང་སྐབས། ཤིན་ཅང་དང་བོད་གཉིས་གཞུང་གཅིག་གི་འོག་ཏུ་དཀའ་སྡུག་མྱོང་མཁན་གཅིག་མཚུངས་ཡིན་ལ། དུས་

ཡུན་རིང་པོ་ཞིག་གི་ནང་ཤིན་ཅང་མི་མང་གི་རང་དབང་འཐབ་རྩོད་གྱེད་ལངས་ཀྱི་འབོད་སྒྲ་དེ། བོད་རིགས་སྤུན་ཟླ་

བཞིན་འཛམ་གླིང་ནང་ཁྱབ་ཐུབ་མེད་ལ། བོད་རིགས་སྤུན་ཟླ་བཞིན་དུ་ང་ཚོ་འཛམ་གླིང་ནང་ལངས་ཐུབ་མེད་པ་རེད་

ཅེས་གསུངས་ཡོད་པ་རེད།


སྤྱིར་ལྕམ་རེའ་བྷ་ཁེ་ཌར་མཆོག་ཨ་རིར་སྐྱབས་བཅོལ་ལ་ཕེབས་ནས་ཤིན་ཅང་གི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་

ཕྱག་ལས་གནང་བཞིན་ཡོད་རུང༌།    འཛམ་གླིང་ནང་འབུར་དུ་ཐོན་ནས་ལས་འགུལ་སྤེལ་བ་སོགས་དེ་ཙམ་གནང་གི་

མེད་པ་དང༌། འདི་ལོའི་ཟླ་བ་༧ པའི་ནང་རྒྱ་གཞུང་གིས་ཤིན་ཅང་གི་མི་རིགས་མང་པོ་བསད་པ་དང༌། སྟོང་ཕྲག་མང་

པོ་བཙོན་འཇུག་བཀག་ཉར་བྱས་པའི་རྐྱེན་གྱིས། ལྕམ་རཱེ་བྷེ་ཡ་ཁེ་ཌར་མཆོག་གིས་འཛམ་གླིང་ནང་མངོན་གསལ་དོད་

པོའི་ཐོག་ནས་ལས་འགུལ་སྤེལ་ཏེ།  ཤིན་ཅང་གི་དཀའ་སྡུག་དེ་བོད་པའི་དཀའ་སྡུག་དང་མཚུངས་བསྡུར་བྱས་ཡོད་པ་

དང༌།  བོད་པས་བདེན་པའི་འཐབ་རྩོད་བྱེད་པ་བཞིན། ཤིན་ཅང་གིས་ཀྱང་བདེན་པའི་འཐབ་རྩོད་བྱས་ནས།

མ་འོངས་པར་བོད་པ་བཞིན་འཛམ་གླིང་ནང་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསུང་བཤད་གནང་བ་དང། རྒྱ་ནག་ལ་གྲོས་

མོལ་གྱི་ལམ་ནས་ཤིན་ཅང་མི་རིགས་ཀྱི་དཀའ་ངལ་སེལ་དགོས་པའི་སྐུལ་མ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།