ལོ་བཅོ་ལྔའི་ཁྲིམས་ཆད
20/11/2009 09:27
དཀོན་མཆོག་ཚེ་འཕེལ་ལ་ལོ་བཅོ་ལྔའི་ཁྲིམས་ཆད།
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དཀོན་མཆོག་ཚེ་འཕེལ་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་
པའི་ཉེས་མིང་འོག ཟླ་འདིའི་ཚེས་༡༢ ཉིན་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་གཅོད་དང། ཆབ་སྲིད་ཀྱི་དབང་ཆ་ལོ་
ལྔ་ཕྲོགས་པའི་ཐག་གཅོད་བྱས་ཡོད་པ་རེད།
རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་བའི་ནང་འཁོད་དོན། ཟླ་འདིའི་ཚེས་༡༠ ཉིན་ནང་
མིར་ཕྱི་ཚེས་༡༢ ཉིན་དཀོན་མཆོག་ཚེ་འཕེལ་ལ་ཁྲིམས་གཅོད་ཀྱི་ཉིན་མོ་ཡིན་པས་ནང་མི་ཡོང་དགོས་ཚུལ་བརྗོད་
འདུག ཁྲིམས་ར་རུ་ལས་ཁུངས་ཀྱི་ལས་རོགས་དང་ནང་མི་གཉིས་སྐད་བཏང་སྟེ། དེ་སྔོན་ཁོང་འཛིན་བཟུང་སྐབས་
འཕྲོག་འཁྱེར་བྱས་པའི་ཅ་དངོས་ལས་གློག་ཀླད་དང་པར་ཆས་གཉིས་གཞུང་བཞེས་བཏང་བ་ལས་ཅ་དངོས་གཞན་
ནང་མིར་རྩིས་སྤྲོད་བྱས་འདུག ཁྲིམས་གཅོད་ཀྱི་སྔ་ཕྱིའི་རྒྱུད་རིམ་ཁྲོད་ནང་མི་ཐུག་འཕྲད་བྱེད་བཅུག་མེད་ཀྱང་ཉིན་
བཅུའི་ནང་མཐོ་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག་ཚུལ་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༡༢ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་དཀོན་མཆོག་ཚེ་འཕེལ་ལགས་སུ་རྒྱལ་
ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མིང་བཙན་འགེལ་འོག་ལོ་༡༥ ཁྲིམས་ཆད་དང་ལོ་ལྔའི་ཆབ་སྲིད་
དབང་ཆ་ཕྲོགས་ཏེ་དྲང་བདེན་མིན་པའི་ཁྲིམས་གཅོད་བྱས་འདུག འདྲི་གཅོད་དང་པོའི་ཁྲིམས་རའི་ནང་་ཁྲིམས་
རྩོད་པ་གདན་ཞུ་བྱེད་བཅུག་མེད་ལ། སྤྱི་དམངས་ཁྲིམས་ལུགས་ཀྱི་འགྲོ་སྟངས་ལྟར་རང་ཉིད་དག་འབུད་བྱེད་པའི་
གོ་སྐབས་ཀྱང་སྤྲད་མི་འདུག ཐེངས་འདིའི་དཀོན་མཆོག་ཚེ་འཕེལ་ལགས་ལ་ཁྲིམས་གཅོད་སྐབས་གཙོ་བོ་ཉེས་
འཛུགས་ནི། ཕྱི་ལོ་༡༩༩༥ ལོར་ཆབ་སྲིད་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དང༌།
མཆོད་མེ་དྲ་རྒྱའི་ནང་རྒྱ་ནག་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་པར་རིས་བཀོད་འགྲེམས་བྱས་ཚུལ།
དེ་བཞིན་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་འདྲ་པར་ཁག་ཅིག་ཀྱང་གློག་ཀླད་དང་པར་ཆས་
ནང་ཐོན་པ་བཅས་ནག་ཉེས་སུ་བགྲངས་ཡོད་འདུག
གལ་སྲིད་རྒྱ་གཞུང་གིས་དོན་དངོས་ཐོག་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུག་གིས་གོ་སྐབས་སྤྲད་ཚེ་
འབྲེལ་ཡོད་ཀྱིས་བསྐྱར་དུ་ཁྲིམས་གཏུག་བྱ་འཆར་ཡོད་ཚུལ་འདུག དཀོན་མཆོག་ཚེ་འཕེལ་ལགས་ཀྱི་གཟུགས་བབ་ཀྱི་
གནས་སྟངས་ཀྱང་སྐྱོ་པོ་ཆགས་ཡོད་འདུག་ཅེས་འཁོད་འདུག།།
———
Back