ཤིན་ཅང་དུ་དཔལ་འབྱོར་

27/08/2009 01:01

ཤིན་ཅང་ཁུལ་དུ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཁས་ལེན། རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་ཉེ་ལམ་ཟིང་འཁྲུག་ཚབས་ཆེ་ལངས་པའི་རྗེས་རྒྱ་

ནག་གི་སྲིད་འཛིན་ཧུ་ཅིང་ཏའོས་ཁུལ་དེའི་ནང་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་བཅོས་སྒྱུར་གསར་པ་ལག་

བསྟར་བྱ་རྒྱུའི་ཁས་ལེན་བྱས་འདུག        ཁ་ས་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ནང་སྲིད་འཛིན་ཧུ་ཅིང་

ཏའོ་ཡིས་ཤིན་ཅང་གི་མཐོ་རིམ་འགོ་ཁྲིད་ཁག་དང་ཐུག་འཕྲད་གནང་ཡོད་ཅིང་སྐབས་དེར་ཁུལ་དེའི་ནང་དཔལ་

འབྱོར་ཡར་རྒྱས་གཏོང་རྒྱུའི་བཅོས་སྒྱུར་གསར་པ་ལག་བསྟར་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུང་པའི་གནས་ཚུལ་

དེ་རིང་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་དང་གསར་ལམ་གཞན་ཁག་ནང་རྒྱང་སྲིང་བྱས་བཞག

ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་རྒྱ་ཧན་མི་རིགས་དང་ཡུ་གུར་ཁ་

ཆེའི་མི་རིགས་དབར་འཁོན་འཁྲུག་ཆེན་པོ་ལངས་ནས་མི་གྲངས་ཉིས་བརྒྱ་ལྷག་ཙམ་ཞིག་རྐྱེན་འདས་སུ་ཕྱིན་པའི་

ནས་ཚུལ་བྱུང་བའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཁུལ་དེའི་ནང་ལྟ་སྐོར་ལ་ཕེབས་པ་ད་རེས་ཐོག་མ་དེ་

ཡིན་ཞིང་ཁོང་གིས་ས་གནས་འགོ་ཁྲིད་ཚོར་ཤིན་ཅང་ནང་ལས་དོན་ཡག་པོ་བྱེད་ཡག་དེ་མངའ་ཁུལ་དེ་གཅིག་པུའི་

དོན་དུ་མ་ཡིན་པར་རྒྱ་ནག་རྒྱལ་ཁབ་ཡོངས་རྫོགས་ཀྱི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ་ཁོང་གིས་ཤིན་ཅང་

མང་ཚོགས་ཀྱི་འཚོ་བའི་གནས་སྟངས་བཟང་དུ་གཏོང་རྒྱུར་རྒྱ་ནག་དབུས་གཞུང་གིས་ཐབས་བྱུས་ཆེ་ཁག་ལག་བསྟར་

བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད་དཔལ་འབྱོར་ཡར་རྒྱས་གོང་འཕེལ་གཏོང་ཐབས་སུ་ཁུལ་དེའི་ནང་གང་ཅིའི་ཡར་

རྒྱས་གཏོང་རྒྱུ་གོམ་པ་མདུན་སྤོས་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་ནའང་བཅོས་སྒྱུར་ཇི་ལྟར་གཏོང་རྩིས་ཡོད་མེད་སྐོར་

གནས་ལུགས་ཞིབ་ཕྲ་འགྲེལ་བཤད་གནང་མེད་པ་རེད།

དེ་རིང་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་གིས་སྲིད་འཛིན་ཧུ་ཅིང་ཏའོས་ཁ་ཆེའི་འགོ་ཁྲིད་ཚོ་དང་ཐུག་འཕྲད་

གནང་བ་དང་ཡང་ཡུ་གུར་མི་རིགས་ཀྱི་ཞིང་པ་དང་བཟོ་གྲྭའི་ལས་མི་དེ་བཞིན་དཔུང་དམག་ཚོ་དང་ཐུག་འཕྲད་

བཀའ་མོལ་གནང་བཞིན་པའི་བརྙན་པར་རྒྱང་སྲིད་བྱས་ཡོད་ཅིང་ཁོང་གིས་ཤིན་ཅང་གི་འགོ་ཁྲིད་ཚོར་རྒྱ་ནག་འོག་

ནས་རང་བཙན་བྱ་རྒྱུའི་འབད་རྩོན་བྱེད་མཁན་ཁ་བྲལ་རུ་ཁག་ཚོའི་ཐབས་ཤེས་ལ་ལམ་ལྷོང་ཡོང་རྒྱུ་མིན་པའི་ཉེན་

བརྡ་བཏང་གནང་བཞག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།