ས་མཚམས་རྩོད་རྙོག

07/08/2009 09:29

རྒྱ་གར་དང་རྒྱ་ནག་གི་ས་མཚམས་རྩོད་རྙོག་གྲོས་མོལ།

རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་སྐོར་གྲོས་མོལ་སླར་གསོ་གནང་འཆར་ཡོད་འདུག དེ་ཡང་

འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་དབར་རྩོད་རྙོག་ཅན་གྱི་ས་མཚམས་ཀྱི་

སྐོར་གྲོས་མོལ་རིམ་པ་གནང་ཡོད་ཀྱང་ད་བར་དམིགས་བསལ་དོན་འབྲས་སོན་པ་བྱུང་མེད་པ་རེད་ལ་ཕྱི་ལོ་ཉིས་སྟོང་

བདུན་ནས་བཟུང་གྲོས་མོལ་གནང་རྒྱུ་ཡང་མཚམས་འཇོག་བྱས་ཡོད་པ་རེད།

ཡིན་ནའང་དེ་རིང་རྒྱ་གར་གྱི་གསར་ཤོག་ཌི་ཨེན་ཨེ་ཞེས་པའི་ནང་གནས་ཚུལ་བཀོད་པར་ལྟར་ན་སང་ཉིན་རེས གཟའ་

པ་སངས་ཉིན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཟབས་ཨེམ་ཀེ་ན་ར་ཡ་ནན་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་

གཞོན་པ་སྐུ་ཞབས་དྲ་ཡེ་སྦིང་གོ་རྣམ་གཉིས་དབར་གྲོསམོལ་སླར་གསོ་གནང་རྒྱུ་ཡིན་འདུག   མིང་འདོན་མ་བྱས་པའི་

རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཤིག་གིས་ཡུལ་གཉིས་དབར་གྲོས་མོལ་གྱི་བརྒྱུད་རིམ་མདུན་བསྐྱོད་མ་བྱས་གོང་ཕྱོགས་

གཉིས་ཀའི་ངོས་ནས་ཆབ་སྲིད་ཀྱི་དགག་རྩའི་ཐོག་གོ་རྟོག་དང་བསམ་ཤེས་ཐུབ་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་

ལུགས་འགྲེལ་བརྗོད་གནང་འདུག

ཡང་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གིས་སློབ་དཔོན་ཨལ་ཀ་ཨ་ཅར་

ཡས་ཡུལ་གཉིས་ཀའི་ངོས་ནས་ས་མཚམས་ཀྱི་ས་ཆའི་བརྗེ་ལེན་བྱེད་ཕྱོགས་ཀྱི་ཐོག་གུ་ཡངས་བྱེད་དགོས་པའི་དུས་ཚོད་

ཅིག་ཆགས་ཡོད་རེད་ཅེས་དཔྱད་ཞིབ་གནང་ཡོད་འདུག   ཡུལ་གཉིས་དབར་ད་བར་རྩོད་རྙོག་ཆེ་ཤོས་ནི་རྒྱ་གར་གྱི་ངོས་

ནས་རྒྱ་ནག་ནས་འཇའ་མུ་ཀ་ཤི་མིར་གྱི་ས་མཚམས་ནས་རྒྱ་མིས་ཁྲིམས་འགལ་གྱི་ཐོག་ནས་ས་སྲུང་བྱས་ཡོད་ལུགས་དང་

རྒྱ་ནག་ནས་རྒྱ་གར་གྱི་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་ཁུལ་གྱི་ས་ཆའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་

བཤད་ནས་མངའ་ཁུལ་དེའི་ནང་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་གཟིགས་བསྐོར་ཕེབས་པའི་སྐབས་

སུའང་སྐྱོན་བརྗོད་བྱས་ཡོད་པ་བཅས་ད་བར་དམིགས་བསལ་གྲོས་མོལ་ཐོག་དོན་འབྲས་སོན་པ་ཞིག་ཡོང་གི་མེད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།