སྒྱུ་རྩལ་པས་ཁྲིམས་གཏུགས།

14/08/2009 10:13

རྒྱ་ནག་གི་སྒྱུ་རྩལ་པ་ཞིག་ནས་ཁྲིམས་གཏུགས།

རྒྱ་ནག་གི་སྒྱུ་རྩལ་པ་ཞིག་གིས་ཁོང་ལ་ཉེན་རྟོག་མི་སྣས་ཁྲིམས་འགལ་གྱི་ཐོག་ནས་དོ་དམ་དང་ཉེས་རྡུང་བཏང་ཡོད་

པའི་ཁྲིམས་གཏུགས་བྱེད་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་འདུག        ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ནས་

ད་རིང་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་སྒྱུ་རྩལ་བ་སྐུ་ཞབས་ཨ་ཡེ་ལྦེ་ལྦེས་རེས་གཟའ་ལྷག་པའི་ཉིན་དྲིན་

རྡུའི་ཁྲིམས་ཁང་ཞིག་གི་ནང་ཁོང་གི་ལས་རོགས་ཀྲན་ཀྲུའུ་རན་གྱི་ཁྲིམས་བཤེར་བྱས་སར་བསྐྱོད་རྩིས་བྱེད་དུས་གློ་

བུར་ཁོང་གི་སྡོད་གནས་མགྲོན་ཁང་དུ་ཉེན་རྟོག་པས་སྒོ་བཅག་ནས་འཛུལ་ཡོང་བས་མ་ཟད་ཁོང་དང་རོགས་པ་ཚོར་

ཉེས་བརྡུང་བཏང་བ་དང་དེ་ནས་དོ་དམ་བྱས་ཏེ་གང་ལྟར་ཁྲིམས་བཤེར་བྱེད་ཡུལ་དུ་འགྲོ་མ་བཅུག་པར་བཀག་

འགོག་བྱས་བྱུང༌།དེ་ནི་ང་ཚོའི་འགུལ་སྐྱོད་རང་དབང་འཕྲོག་པ་ཞིག་ཡིན་པ་དང་ཉེན་རྟོག་པར་ང་ཚོ་དོ་དམ་དང་

ཉེས་རྡུང་གཏོང་དགོས་པའི་རྒྱུ་མཚན་སོགས་སྐད་ཆ་འདྲིས་པའི་སྐབས་བྱ་སྤྱོད་དེ་ལྟར་སྤེལ་དགོས་པའི་རྒྱུ་མཚན་

ཡང་གསལ་བཤད་བྱས་མ་བྱུང༌།དེ་འདྲ་ཡིན་དུས་ང་ཚོས་གནས་ཚུལ་དེ་དག་གི་ཐོག་ཁྲིམས་གཏུགས་བྱེད་རྒྱུ་ཡིན་

ཞེས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་འདུག

ཉེན་རྟོག་ལས་ཁུངས་སུ་གནད་དོན་འདིའི་ཐོག་གསར་འགྱུར་ལས་ཁང་ནས་དོགས་འདྲི་བྱེད་པའི་སྐབས་ལན་འདེབས་

གང་ཡང་རྒྱབ་མེད་པ་རེད།      གོང་དུ་ཞུས་པའི་སྒྱུ་རྩལ་བ་ཨ་ཡེ་ལྦེ་ལྦེའི་ནི་རྒྱ་ནག་ཙམམ་ཡིན་པར་འཛམ་གླིང་ནང་

སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཞིག་ཡིན་པ་དང་ལྷག་པར་དུ་ཁོང་སྔ་ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་ཡུལ་གྱི་རྩེད་མོའི་

ཚོགས་ཁང་ཆེ་ཤོས་བྱིའུ་ཚང་ཞེས་པ་དེ་བྱུས་བཀོད་བྱེད་མཁན་གཙོ་བོའི་གྲས་ཤིག་ཡིན་པ་རེད།  ཁོང་དང་ཁོང་གི་

ལས་རོགས་ཁག་ཅིག་ནས་སྔ་ལོ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་ས་ཡོམ་གྱི་གོད་ཆགས་ཕོག་པའི་སློབ་གྲྭ་ཁག་གི་

ནང་ཞིབ་འཇུག་དང་རོགས་རམ་བྱེད་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

གོང་ཞུས་ཁོང་གི་ལས་རོགས་ཀྲན་ཀྲུའུ་རན་ཡང་དོན་རྐྱེན་དེའི་ཐོག་དང་བླངས་གནང་བཞིན་ཡོད་པ་ནས་རྒྱ་ནག་

གཞུང་གིས་ཁོང་ལ་གཞུང་མགོ་རྟིང་སློག་རྒྱུའི་ཉེན་བྱུས་བཤམས་ཀྱི་ཡོད་པའི་ཉེས་བཙུགས་འོག་དོ་དམ་དང་ཁྲིམས་

བཤེར་བྱེད་བཞིན་ཡོད་པ་དང་རེས་གཟའ་ལྷག་པའི་ཉིན་ཁྲིམས་ཐག་བཅད་ཐུབ་མེད་པ་རེད། འོན་ཀྱང་ཁོང་གི་

ཁྲིམས་རྩོད་པས་ཁྲིམས་བཤེར་ཡག་པོ་བྱེད་ཀྱི་མེད་ལུགས་སྐྱོན་བརྗོད་བྱས་ཡོད་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།