སློབ་ཆེན་པ་བྲོས་བྱོལ།

28/07/2009 12:21

སློབ་ཆེན་པ་ཞིག་བྲོས་བྱོལ།
བོད་ཀྱི་དུས་བབ།

རྒྱ་རིགས་ཞིབ་འཇུག་སློབ་མ་ལོའུ་ཅན་ཡོན་ལ་རྒྱ་ནག་གཞུང་གིས་བཙན་གནོན་དང་སུན་གཙེར་བཟོས་

མཐར་ཨ་རིའི་ནང་བྲོས་བྱོལ་དུ་ཆས་ཡོད་འདུག          གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་

ལྟར་ན།འདི་ལོའི་སྤྱི་ཟླ་ ༤ བའི་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་༧གོང་ས་མཆོག་དང་ཐུག་འཕྲད་

བྱས་པའི་རྒྱ་ནག་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མ་ལིའུ་

ཅན་ཡོན་ཟླ་འདིའི་ཚེས་ ༡༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་རྗེར་སེ་ནང་བྲོས་བྱོལ་དུ་འབྱོར་ཡོད་འདུག་ལ།

  ཁོང་ཉིད་བྲོས་བྱོལ་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས། ཁོང་འདི་ལོ་སྤྱི་ཟླ་ ༤ བའི་ནང་

བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་ལྟ་བ་

མི་མཐུན་པའི་ཕྱི་སྡོད་རྒྱ་རིགས་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པའི་རྐྱེན་བྱས་ཏེ། འདི་ལོའི་སྤྱི་ཟླ་ ༥

བའི་ནང་ཁོང་ཏཱ་ལའི་བླ་མ་དང་ཕྱི་སྡོད་དམངས་གཙོ་དོན་གཉེར་བར་འབྲེལ་བ་ཡོད་པའི་དོགས་གཞིའི་

འོག  ཁོ་རང་གི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཕྱིར་བསྡུ་བྱས་ཡོད་པ་མ་ཟད།    སློབ་གྲྭ་ནས་ཕྱིར་འབུད་

བཏང་ཡོད་འདུག་ལ།  གནས་ཚུལ་ཤེས་གསལ་ལྟར་ན། ཆུ་ཚོད་ ༡༠ རིང་འདྲི་གཅོད་བྱས་ཏེ་གཅར་རྡུང་

དང་སུན་གཙེར་བཟོས་ཡོད་པ་རེད།

དེ་བཞིན་རྒྱ་ནག་ཉེན་རྟོག་མི་སྣས་ཁོང་ལ་རྗེས་འདེད་ཀྱིས་ཁོང་གི་ནམ་རྒྱུན་གྱི་འཚོ་བར་འགོག་རྐྱེན་དང་

ལྟ་རྟོག་ནན་མོ་བྱས་མཐར་རང་ཡུལ་ནས་ཁ་བྲལ་དགོས་བྱུང་ཡོད་འདུག     གནས་ཚུལ་འདིའི་ཐད་ཁོང་

གིས་གསར་འགྱུར་བརྒྱུད་ལམ་དུ་བརྗོད་དོན། ད་ལྟ་ང་རང་དབང་གི་གནས་སུ་སླེབས་པ་རེད། ཡིན་ནའང་།

ང་རང་ཕྱི་རོལ་དུ་མ་སླེབས་པའི་ཡར་སྔོན་དུ་རྒྱ་ནག་ཉེན་རྟོག་མི་སྣས་ང་ལ་འདྲི་གཅོད་དང་གཅར་རྡུང་

བྱས་བྱུང་ལ། སྐབས་དེར་ཁོང་ཚོས་ང་ལ་བཏོན་པའི་ཐོག་མའི་དྲི་བ་ནི། ཕྱི་རོལ་དུ་གནས་ཚུལ་འདྲ་མིན་

ཁྱབ་བསྒྲགས་བྱས་ཡོད་མེད་དང་ཕྱི་སྡོད་རྒྱ་རིགས་ཀྱི་དམངས་གཙོ་ཚཽགས་པའི་ནང་འཛུལ་ཞུགས་བྱས་

ཡོད་མེད། དེ་བཞིན།  ཕྱིར་རང་རྒྱལ་དུ་ལོག་དོན་དང་ལས་དོན་ཅི་ཞིག་སྒྲུབ་རྩིས་ཡོད་མེད་སོགས་དང་།

གཞན། ཏཱ་ལའི་བླ་མའི་བོད་རང་བཙན་སླར་གསོའི་སྐོར་ལ་རྒྱབ་སྐྱོར་གནང་གི་ཡོད་མེད་སོགས་གནས་

ཚུལ་མང་པོ་ཞིག་དྲིས་འོང་གི་འདུག

 

ང་ལ་མཚོན་ན་གནས་ཚུལ་འདི་དག་ནི་ཁོང་ཚོས་རྫུན་བཟོ་བྱས་པའི་གནས་ལུགས་ཤིག་ཏུ་ངོས་འཛིན་

བྱས་ཡོད་སྟབས། དངོས་གནས་དགོད་བྲོ་བའི་གནས་ལུགས་ཤ་སྟག་རེད། ང་རང་བོད་ཀྱི་དབུ་ཁྲིད་ཏཱ་ལའི་

བླ་མ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལོའུ་ཏོན་ཞུན་དང་མཇལ་འཕྲད་གནང་བ་ནི་ངས་རང་

ཉིད་ཀྱི་གུས་ཞབས་རང་བཞིན་གྱི་མཇལ་མོལ་ཞིག་ཡིན་པ་ལས། དེ་ལ་ཆབ་སྲིད་ཀྱི་གནད་དོན་ཅི་ཡང་

མེད། ཡིན་ནའང་། རྒྱ་ནག་གཞུང་གིས་གནད་དོན་འདི་དང་འབྲེལ་བའི་ཐོག་ང་ལ་མི་ལོ་བཅུའི་བཙོན་

འཇུག་བྱ་རྒྱུ་ཡིན་ཚུལ་བརྗོད་བྱུང་ལ།

ནམ་རྒྱུན་རྗེས་འདེད་བྱས་ཏེ་རང་ཡུལ་དང་བྲལ་མི་ཆོག་པས་ང་རང་འདུག་ཐབས་བྲལ་ཞིང་ཉེན་ཁའང་

ཆེ་སྟབས་ང་ཕྱི་ཕྱོགས་སུ་ཡོང་དགོས་བྱུང་བ་ཡིན། ཐེངས་འདིའི་ཉེས་འཛུགས་འདི་ནི་རྒྱ་ནག་གཞུང་གིས་

ང་ལ་བསྙོན་འཛུགས་བྱེད་ཐབས་ཤིག་རེད། ཅེས་བརྗོད་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།