སློབ་ཐོན་ལས་མེད་གྱེན་ལངས་
08/03/2009 10:21
ཟླ་འདིའི་ཚེས་ ༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་རྒྱ་ནག་
ཏུ་སློབ་ཐོན་ལས་མེད་ས་ཡ་མང་པོ་ཆགས་ཡོད་པས། ཝིན་ཅཱ་པའོ་ཡིས་༡༩༨༩ ལོར་གནམ་
སྡེ་སྒོ་མོའི་ཐང་ཆེན་དུ་སློབ་མས་རྒྱ་ནག་ལ་ངོ་རྒོལ་བྱས་ནས། མི་ལོ་ ༢༠ འཁོར་བའི་དུས་
དྲན་དང་བསྟུན་ནས་སློབ་ཐོན་ལས་མེད་རྣམས་ཀྱིས་ངོ་རྒོལ་གྱེན་ལངས་བྱེད་སྲིད་པའི་ཉེན་
བརྡ་བཏང་ཡོད་པ་རེད། དེ་ཡང་སྲིད་ཝིན་ཅའོ་པའོ་ཡིས་ཕྱི་ལོ་ ༢༠༠༠ ནས་བརྩིས་ན།
ད་ལོ་ནི་རྒྱ་ནག་ཉམས་རྒུད་ཆེ་ཤོས་ཀྱི་ལོ་ཡིན་པ་དང༌། མི་གྲངས་ས་ཡ་ ༢༠ ལྷག་ཙམ་ལས་
མེད་ཆགས་ཡོད་པས། མཐོ་རིམ་སློབ་གྲྭ་ཁག་ནས་ཡོང་བའི་སློབ་ཐོན་པ་ཚོས། ལས་ཀའི་
དམིགས་ཡུལ་ཆེན་པོ་འཛིན་མི་རུང་བ་དང༌། རྒྱལ་ས་ཆེ་ཁག་ཏུ་ལས་མེད་བྱས་ནས་སྡོད་པ་
ལས། དམག་སྒར་དུ་འཛུལ་ཞུགས་བྱེད་པའམ། ཡང་ན་དམར་ཕྱོགས་ཚོགས་པས་བཀོད་སྒྲིག་
བྱས་པའི་གྲོང་གསེབ་ཁག་ཏུ། ཡི་གེ་དང་དེབ་རིགས་ཚོང་ཟོག་སོགས་སྐྱེལ་ལེན་གྱི་ལས་ཀ་
བྱེད་ན་བཟང་ཚུལ་བཤད་ཡོད་པ་རེད།
དེང་སྐབས་རྒྱ་ནག་ཏུ་གློག་ཀླད་དང་ཚན་རིག འཕྲུལ་ལས་སྡེ་ཚན་སོགས་ནས་སློབ་ཐོན་
པ་ཧ་ཅང་མང་བ་དང༌། དཔེར་ན། ཕྱི་ལོ་ ༢༠༠༨ སློབ་ཐོན་པ་ས་ཡ་ ༡ ཙམ་བྱུང་ཡོད་པ་རྣམས་
ད་དུང་ཡང་ལས་མེད་ཡིན་པ་དང༌། ཕྱི་ལོ་ ༢༠༠༩ སློབ་ཐོན་པ་ས་ཡ ༦་༡ ཙམ་བྱུང་ཡོད་པ་
རྣམས་ལས་མེད་ཤ་སྟག་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད། རྒྱ་ནག་དམར་ཕྱོགས་ཚོགས་
པས་ལོ་ན་དར་ལ་བབས་པའི་སློབ་ཐོན་པ་ཚོར་ཧ་ཅང་དོ་སྣང་བྱེད་བཞིན་ཡོད་པ་དང༌། དཔལ་
འབྱོར་ཉམས་གུད་ཀྱིས་རྐྱེན་བྱས་ཏེ་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ། སློབ་ཐོན་ལས་འཚོལ་
བ་ས་ཡ་མང་པོས་ཆར་པ་དང་གངས་ལྷག་ཇི་ཙམ་ཆེ་རུང༌། ལས་འཚོལ་ལས་ཁུངས་སུ་ལས་
ཀ་འཚོལ་ཆོག་པའི་ལག་འཛིན་རྒྱ་སྒོར་ ༢༠ ཅན་ཞིག་རེ་བཟུང་ནས། ཉིན་མཚན་དབྱེ་བ་
མེད་པ་ལས་ཀ་འཚོལ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
———
Back