ཨ་རི་དང་རྒྱ་ནག་

30/07/2009 11:16

ཨ་མི་རི་ཀ་དང་རྒྱ་ནག་གི་འགོ་ཁྲིད་ཀྱི་གྲོས་མོལ་སྐོར།

༄༅།      །ཨ་མི་རི་ཀ་དང་རྒྱ་ནག་གི་དབུ་ཁྲིད་རྣམ་པའི་དབར་འདས་པའི་ཉི་མ་གཉིས་རིང་ཨ་མི་རི་ཀའི་རྒྱལ་

ས་ལྦ་ཤིང་ཊོན་ནང་གྲོས་གཞི་སྣ་ཚོགས་ཐད་ཕན་ཚུན་གོ་བསྡུར་ལྷུག་པོ་གནང་རྗེས་འཛམ་གླིང་གི་གནམ་གཤིས་

འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་ཡུལ་གཉིས་དབར་ཁྲལ་མེད་ཚོང་འབྲེལ་སྤེལ་རྒྱུ་སོགས་ཀྱི་ཐད་ལ་ཕན་

ཚུན་འཕྱར་གྲུ་མཉམ་འདེགས་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

དེ་ནི་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་དུས་རབས་ཉི་

ཤུ་རྩ་གཅིག་ནང་འབྲེལ་ལམ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་རྒྱུའི་ཐབས་བྱུས་ཀྱི་སྒྲོམ་གཞིའི་ནང་དོན་གལ་ཆེ་

ཅན་ཞིག་ཡིན་པ་རེད། ཉི་མ་གཉིས་རིང་གི་གྲོས་བསྡུར་གྲུབ་རྗེས་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་སྐུ་ཞབས་ཀྲི་མ་

ཐི་གའེ་ཐི་ནར་མཆོག་གིས་ཁ་ས་གསར་འགོད་ལྷན་ཚོགས་ཐོག་ལ་དྲིལ་བསྒྲགས་གནང་གསལ་ལྟར་ན་ཨ་མི་རི་

ཀ་དང་རྒྱ་ནག་གཞུང་ཐུན་མོང་གིས་འཛམ་གླིང་གི་དཔལ་འབྱོར་ཉམ་པ་སླར་གསོ་དང་མི་ཉམ་གོང་སྤེལ་གཏོང་

རྒྱུར་ཆོད་སེམས་འཛིན་པ་དང་དེའི་སླད་དུ་རྒྱལ་ཁབ་ཕན་ཚུན་དབར་ཁྲལ་མེད་ཚོང་འབྲེལ་སྤེལ་རྒྱུར་ལངས་

ཕྱོགས་བརྟན་པོ་བཟུང་རྒྱུ་གནང་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།