ཨ་རིའི་བོད་དོན།
13/06/2009 11:05
ཨ་རི་གཞུང་གིས་བོད་དོན་ཐོག་གི་སྲིད་བྱུས་མཐོ་རུ་གཏང་འཆར།
RFA རླུང་འཕྲིན་ཁང་།
བོད་དོན་ཐད་ཨ་རིའི་སྲིད་བྱུས་ཀྱི་ཚད་གཞི་མཐོ་རུ་གཏང་རྒྱུ་དང་བོད་དོན་རྒྱབ་སྐྱོར་ཆེད་རོགས་དངུལ་བཀའ་
འཁྲོལ་གྱི་ཁྲིམས་ཡིག་གསར་པ།
༄༅༎བོད་དོན་ཐད་ཨ་རིའི་གཞུང་གིས་འཛིན་པའི་སྲིད་བྱུས་ཀྱི་ཚད་གཞི་མཐོ་རུ་གཏང་རྒྱུ་དང་བོད་དོན་རྒྱབ་
སྐྱོར་ཆེད་རོགས་དངུལ་བཀའ་འཁྲོལ་གྱི་ཁྲིམས་ཡིག་གསར་པ་ཞིག་ལ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་
མང་མོས་ཆོག་མཆན་ཐོབ་ཡོད་འདུག དེ་ཡང་གནས་ཚུལ་ཐོན་གསལ་ལ་གཞིགས་ན་འདི་ཚེས་བཅུ་ཉིན་
ཨ་རིའི་གྲོས་ཚོགས་འོག་མས་ཕྱི་ལོ་ཉིས་སྟོང་བཅུ་ནས་ཉིས་སྟོང་བཅུ་གཅིག་བར་ལག་བསྟར་བྱ་རྒྱུའི་ཨ་རིའི་ཕྱི་
འབྲེལ་སྲིད་བྱུས་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་གནང་ཡོད་པ་དང་ཕྱི་འབྲེལ་སྲིད་བྱུས་གཏན་འབེབས་གནང་
བ་དེའི་ཁོངས་སུ་བོད་དོན་ཐད་ཨ་རིའི་སྲིད་བྱུས་འཛིན་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་གནང་བའི་གནད་
དོན་གཙོ་བོའི་གྲས་སུ་བོད་རྒྱའི་གྲོས་མོལ་གོང་མཐོར་གཏང་ཐབས་སུ་ཨ་རི་གཞུང་གི་འབྲེལ་ཡོད་ཚན་པ་སྤྱི་དང་
ལྷག་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་འགན་འཁུར་བཞེས་རྒྱུ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་
ཨ་རིའི་གཞུང་ཚབ་ཡན་ལག་ཞིག་འཛུགས་ཐབས་བྱ་རྒྱུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཡོད་པའི་ཨ་རིའི་གཞུང་
ཚབ་ཁང་གི་ནང་བོད་དོན་ལས་ཁུངས་ཀྱི་སྡེ་ཚན་ཞིག་འཛུགས་རྒྱུ་བཀའ་འཁྲོལ་ཆོག་མཆན་གནང་རྒྱུ།བོད་ནང་
དབུལ་ཕོངས་ངལ་སེལ་དང་ཁོར་ཡུག་སྲུང་སྐྱོབ།རིག་གཞུང་བདག་གཅེས་ལ་སྨན་པའི་ལས་དོན་སྒྲུབ་མཁན་གྱི་
ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཞུང་ནས་རོགས་དངུལ་བཀའ་འཁྲོལ་གནང་རྒྱུ།བོད་མིའི་ཤེས་
ཡོན་ལ་མཁོ་བའི་སློབ་ཡོན་གྱི་རོགས་རམ་བཀའ་ཁྲོལ་གནང་རྒྱུ་སོགས་འཁོད་ཡོད་པ་མ་ཟད་བོད་ཀྱི་སྤྲུལ་སྐུ་ངོས་
འཛིན་བྱེད་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པའི་སྲིད་བྱུས་དེ་མཚམས་འཇོག་དགོས་པའི་བརྗོད་དོན་ཡང་
བཀོད་གནང་ཡོད་པར་འདི་ནི་དེ་སྔ་ཕྱི་ལོ་ཉིས་སྟོང་གཉིས་ལོར་ཨ་རི་གཞུང་གིས་བོད་དོན་ཐད་སྲིད་བྱུས་འཛིན་
ཕྱོགས་ཀྱི་ཁྲིམས་གཞི་གཏན་འབེབས་གནང་ཡོད་པ་དེ་ལས་ཚད་གཞི་མཐོ་རུ་བཏང་ཡོད་པར་དེ་ནི་ཨ་རིའི་གྲོས་
ཚོགས་འོག་མའི་ནང་བོད་དོན་ཐོག་རྒྱབ་སྐྱོར་དང་ཐུགས་འཁུར་ཆེན་པོ་བཞེས་ཀྱི་ཡོད་པའི་མཚོན་རྟགས་གསལ་
པོ་ཞིག་ཡིན་པའི་སྐོར་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་
ཁང་གིས་འགྲེལ་བརྗོད་གནང་འདུག གནས་ཚུལ་ནང་གསལ་བར་བྱས་ན་ད་ལམ་གྱི་ཁྲིམས་ཡིག་དེར་ཨ་རིའི་
གྲོས་ཚོགས་འོག་མའི་འཐུས་མི་༢༣༥འི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པ་དེ་ལྟར་ཡང་
དེ་དག་དངོས་སུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཆགས་རྒྱུར་གྲོས་ཚོགས་གོང་མས་མོས་མཐུན་ཆོག་མཆན་དང་སྲིད་
འཛིན་གྱི་བཀའ་ཁྲོལ་ས་རྟགས་ཐོབ་སོན་དགོས་ཀྱི་ཡོད་འདུག།
———
Back