ཨོ་བྷ་མས་གྲངས་ཉུང་

28/07/2009 19:34

ཨོ་བྷ་མས་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་གླེང་བ།

བོད་ཀྱི་དུས་བབ།

ཨ་མི་རི་ཀས་མི་ཚང་མར་རང་གི་བསམ་ཚུལ་བརྗོད་པའི་རང་དབང་དགོས་པར་ཡིད་ཆེས་བྱེད་ ཀྱིན་ཡོད།

འདིའི་ནང་དུ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱང་འདུས་ལ། ཨ་རིའི་ནང་གི་གྲངས་ཉུང་མི་

རིགས་ཀྱང་འདུས་ཡོད་ཟེར།


ཨ་རི་དང་རྒྱ་ནག་གི་ཉིན་གཉིས་རིང་གི་ཆེས་མཐོའི་དཔོན་རིགས་ཚོགས་འདུ་སྟེ། དཔལ་འབྱོར་སྲིད་བྱུས་ཀྱི་

བགྲོ་གླེང་ཞེས་པ་དངོས་སུ་གཟའ་ཟླ་བའི་ཉིན་ཝ་ཤིན་ཊོན་དུ་མགོ་བཙུགས་ཡོད་པ་དང་། སྲིད་འཛིན་ཨོ་བྷ་

མས་ཚོགས་འདུའི་དབུ་འབྱེད་ལ་གཏམ་བཤད་བྱས་ཡོད་པ་རེད། ཁོང་གིས་གནམ་གཤིས་འགྱུར་ལྡོག་ལྟ་བུའི་

གལ་ཆེའི་གནད་དོན་གྱི་ཐད་ནས་ཕྱོགས་གཉིས་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་།  འགྲོ་མ་

མིའི་ཐབ་ཐང་ལྟ་བུའི་རྩོད་གཞི་ཅན་གྱི་རྗོད་གཞི་དེ་ཙམ་གླེང་མེད་པ་རེད།

ཁོང་གིས་བརྗོད་རྒྱུར། ང་ཚོའི་བར་གྱི་འབྲེལ་བ་འཛམ་གླིང་གི་མཉམ་འབྲེལ་གཞན་དང་གཅིག་མཚུངས་ལྟར་

གལ་ཆེན་ཡིན་ཞེས་དང་། རྒྱ་ནག་དང་ཨ་རི་གཉིས་ཀྱིས་གནད་དོན་ཡོད་ཚད་ཀྱི་སྟེང་དུ་མོས་མཐུན་བྱ་དགོས་

པ་དང་འཛམ་གླིང་ལ་ལྟ་སྟངས་གཅིག་གི་སྒང་ནས་བལྟ་དགོས་པའི་འཁྲུལ་སྣང་ང་ལ་མེད། ཡིན་ན་ཡང་གནད་

དོན་འདིའི་དབང་གིས་བགྲོ་གླེང་གལ་ཆེན་ཆགས་ཡོད་ཟེར་བཞིན་རྒྱ་ནག་གི་མགོ་ཁྲིད་རྣམས་ཚོགས་འདུ་འདིར་

བཅར་བར་དགའ་བསུ་ཞུས་ཡོད་པ་རེད།

རྒྱ་ནག་གི་འཐུས་མིའི་སྣེ་འཁྲིད་ཅིང་རྒྱ་ནག་ཕྱི་སྲིད་སློབ་སྟོན་པ་ Dai Bingguo ཏེ་ པིན་གུའོ་ཡིས། ཉེ་བའི་དཔལ་

འབྱོར་དོན་རྐྱེན་གྱིས་རྒྱལ་ཁབ་གཉིས་ཆིག་སྒྲིལ་བྱས་ཡོད་པ་རེད། དངོས་གནས་བཤད་ན་ང་ཚོ་རླུང་གིས་གཡོ་ཞིང་

དྲག་ཏུ་འཕྱུར་པའི་རྦ་རླབས་ཀྱིས་ཁུར་བའི་གྲུ་གཟིང་གཅིག་གི་ནང་དུ་ཡོད་པ་རེད་ཟེར།

རྒྱ་ནག་ནི་ཨ་རིར་དངུལ་མང་ཤོས་གཡར་མཁན་ཡིན་པ་དང་། ཨ་རིའི་གཞུང་ལ་ད་ལྟ་ཡོང་བབ་དང་འགྲོ་གྲོན་བར་

དུ་སྟོང་ཆ་ཆེན་པོ་ཡོད་པར་བརྟེན།    གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིའི་གཞུང་གིས་རྒྱ་ནག་དང་མི་མཐུན་པའི་

གནད་དོན་དཔེར་ན་དངུལ་སྒོར་གྱི་སྲིད་བྱུས་ལྟ་བུ་གླེང་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གི་དངུལ་གྱི་འཛའ་ནི་གནད་དོན་ཆེན་པོ་ཞིག་ཆགས་ཀྱིན་ཡོད་ན་ཡང་། ད་ལྟ་དེའི་སྐོར་ལ་གླེང་སློང་གང་

ཡང་བྱུང་མེད་པ་རེད། རྒྱ་ནག་གི་དངུལ་གྱི་འཛའ་དམའ་བའི་དབང་གིས་རྒྱ་ནག་གི་ཕྱི་ཚོང་དངོས་པོ་རྒྱལ་ཁབ་

གཞན་དག་ཏུ་གོང་ཁེ་པོ་ཆགས་ཀྱི་ཡོད་པ་རེད། གནད་དོན་འདིའི་སྟེང་དུ་ཡུ་རོབ་དང་ཨ་རི་གཙོ་བྱས་པའི་རྒྱལ་

ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཀྱིན་ཡོད་ན་ཡང་། ད་ལྟའི་རྒྱ་ནག་གི་ཡར་རྒྱས་ཕྱི་ཚོང་ལ་

རྟེན་ཡོད་པའི་རྐྱེན་གྱིས་རྒྱ་ནག་གིས་འཛའ་ཡི་་སྲིད་བྱུས་ལ་འགྱུར་པ་གཏོང་གིན་མེད་པ་རེད། དོ་མཉམ་པའི་

ཡར་རྒྱས་ཡོང་བར་རྒྱ་ནག་གི་དངུལ་གྱི་འཛའ་གལ་ཆེན་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་རྗོད་ཀྱིན་

ཡོད་པ་རེད།

སྤྱིར་རྒྱ་ནག་ཨ་རིར་ཚོང་རྫས་མང་པོ་བཙོང་བར་གོམས་ཡོད་པ་དང་ཨ་རི་བ་རྣམས་རྒྱ་ནག་གི་རིན་གོང་ཁེ་བའི་

དངོས་རྫས་ཉོ་བར་གོམས་པ་རེད། འོན་ཀྱང་ད་ལྟ་གནས་སྟངས་འདི་བསྒྱུར་དགོས་པའི་ཚོར་བ་སླེབ་ཀྱིན་ཡོད་པ་

རེད། དཔེར་ན། སྲིད་འཛིན་ཨོ་བྷ་མས་ཨ་རི་བ་རྣམས་ཀྱིས་དངུལ་ལ་གྲོན་ཆུང་བྱ་དགོས་པ་དང་རྒྱ་མི་རྣམས་ཀྱིས་

དངུལ་མང་ཙམ་གཏོང་དགོས་ཀྱིན་འདུག་ཟེར།
 
གོང་གསལ་གྱི་གནད་དོན་དག་ལ་མ་ལྟོས་བར་སྲིད་འཛིན་ཨོ་བྷ་མས་འགྲོ་བ་མིའི་ཐོམ་ཐང་གི་སྐོར་གྱི་ཟུར་ཙམ་

གླེང་ཡོད་པ་རེད། ཨ་མི་རི་ཀས་མི་ཚང་མར་རང་གི་བསམ་ཚུལ་བརྗོད་པའི་རང་དབང་དགོས་པར་ཡིད་ཆེས་བྱེད་

ཀྱིན་ཡོད། འདིའི་ནང་དུ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱང་འདུས་ལ། ཨ་རིའི་ནང་གི་གྲངས་ཉུང་

མི་རིགས་ཀྱང་འདུས་ཡོད་ཟེར།

སྲིད་འཛིན་ཨོ་བྷ་མས་སུ་ཌན་གྱི་བྱང་རྒྱུད་དུ་ཡོད་པའི་ཌར་ཧྥུར་ཟིང་འཁྲུག་ལྟ་བུ་ཞི་འཇགས་ཡོང་བར་རྒྱ་ནག་

གི་མཉམ་འབྲེལ་ངེས་པར་དུ་དགོས་སྐོར་བཤད་ཡོད་པ་རེད། ཌར་ཧྥུར་ཞེས་པའི་ས་ཁུལ་དུ་དམག་འཁྲུག་བྱུང་སྟེ་

ཡུལ་མི་ས་ཡ་གཉིས་ལྷག་གི་ཁྱིམ་གཞིས་བརླགས་ཏེ་བྱེ་ཐང་གི་གུར་དུ་སྡོད་པའི་སྐྱབས་བཅོལ་བ་ཆགས་ཡོད་པ་

རེད། དམག་འཁྲུག་འདིའི་ནང་དུ་བཀོལ་བའི་མཚོན་ཆ་མང་ཆེ་བ་རྒྱ་ནག་ནས་ཡོང་བ་ཡིན་ཡང་། རྒྱ་ནག་གིས་

ཁོང་ཚོའི་ཚོང་གི་མཇུག་འབྲས་ཅི་བྱུང་ལ་འགན་འཁུར་གི་མེད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།