བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོར་མཆོད་འབུལ་སྨོན་ལམ

22/07/2012 21:10

 

 

 

བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོར་མཆོད་འབུལ་སྨོན་ལམ།

 

བོད་ཀྱི་བང་ཆེན།།

དེ་རིང་ཕྱི་དྲོ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། བོད་གཞུང་གི་མཛད་གཙོ་རྣམ་པ་དང་། དྷ་སའི་སེར་སྐྱ་མི་མང་གིས་རང་སྲེག་ལས་འགུལ་བ་་བློ་བཟང་བློ་འཛིན་གྱི་གཙོས་བོད་དོན་ཆེད་རང་སྲོག་ཤོར་ཚོར་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ པའི་སྟེང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་།

munlam_19_7_2012

ཟླ་འདིའི་ཕྱི་ཚེས་༡༧ ཉིན་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད། རྒྱ་གཞུང་གི་མ་རུང་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་དུ་རང་སྲོག་བློས་བཏང་གནང་བའི་བློ་བཟང་བློ་འཛིན་གྱི་གཙོས་པའི། བོད་ཕྱི་ནང་གཉིས་ནས་བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོའི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་པ་དང་། ཚོགས་ཐོག་དེར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེའི་གཙོས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་མཛད་གཙོ་རྣམ་པ་དང་། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ་རྣམ་པ། དེ་བཞིན་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་བྱས་འདུག

dekyi choeyang_19_7_2012སྐབས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས། ཉེ་ཆར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་མེ་རུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་བློ་བཟང་བློ་འཛིན་གྱི་གཙོས་པའི། ད་ལྟའི་བར་རང་སྲོག་མེ་རུ་ཕུལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་མཁན་ཚོའི་གྲངས་འདྲེན་དང་འབྲེལ། བོད་མི་དེ་དག་གིས་ཚེ་སྲོག་གཏོང་དགོས་བྱུང་བའི་བྱས་ཉེས་ཀྱི་འགན་ཚང་མ་རྒྱ་གཞུང་ལ་ཡོད་སྐོར་སོགས་བརྗོད་སོང་།

དེ་བཞིན་ད་ནངས་ཞོགས་པར་ཡང་ངྷ་སའི་ཚོགས་སྐྱིད་བཅུ་གཅིག་ཐུན་མོང་གི་གོ་སྒྲིག་འོག  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྟག་ལུང་ཞབས་དྲུང་རིན་པོ་དབུ་བཞུགས་ཐོག་ངྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་དང་། སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ཉེ་ཆར་རང་ལུས་མེར་སྲེག་གིས། རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པའི་གྲྭ་བློ་བཟང་བློ་འཛིན་གྱི་གཙོས། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།